མཆོད་བརྗོད།

सर्वदृष्टिप्रहाणाय यः सद्धर्ममदेशयत् । གང་གིས་ཐུགས་བརྩེ་ཉེར་བཟུང་ནས༎ ལྟ་བ་ཐམས་ཅད་སྤང་པའི་ཕྱིར༎

अनुकम्पमुपादय तं नमस्यामि गौतमम् ।। དམ་པའི་ཆོས་ནི་སྟོན་མཛད་པ༎ གཽ་ཏམ་དེ་ལ་ཕྱག་འཚལ་ལོ༎

Thursday 26 September 2013

སྐྱབས་འགྲོ

शरणगमन
སྐྱབས་འགྲོ
शास्ता भगवांस्तथागतोऽर्हन् सम्यग्सम्बुद्धो विद्याचरणसम्पन्नः सुगतो लोकविदनुत्तरः पुरुषदम्यसारथिः शास्ता देवमनुष्याणां बुद्धो भगवान्श्रीजिनशाक्यमुनि नमस्करोमिपूजयामि शरणं च गच्छामि ।
སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༎ མཆོད་དོ་སྐྱབས་སུ་མཆིའོ༎

बुद्धं च धर्मञ्च गणोत्तमं च यानद्धि बोधि शरणं गतोऽस्मि ।
दानादिपुण्यैश्च कृतैर्मयैभिः बुद्धो भवेयं जगतो हिताय ।।
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ༎
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི༎
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས༎
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག 

नमो बुद्धाय गुरवे नमो धर्माय तायिने ।
नमः सङ्घाय भहते त्रिभ्योऽपि सततं नमः ।।
སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ༎
སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ༎
དགེ་འདུན་ཆེ་ལ་ཕྱག་འཚལ་ལོ༎
གསུམ་ལ་རྟག་ཏུ་གུས་ཕྱག་འཚལ༎

विशुद्धमूर्ते परमाभिरूपज्ञानोदधे काञ्चनमेरुतुल्यम् ।
वितत्य लोकं यशसा विभासि त्वामेव नाथं शरणं व्रजामः ।।
རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ༎
ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ༎
གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ༎
མགོན་པོ་ཁྱོད་ཉིད་ལ་ནི་སྐྱབས་སུ་མཆིས༎

वन्दामि ते कनकवर्णनिभा वरलक्षणा विमलचन्द्रमुखा ।
वन्दामि ते आसमज्ञानपरा सदृशो न तेऽस्ति त्रिभवे विरजा ।।
མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ༎
གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ༎
རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས༎
མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ༎

सर्वदृष्टिप्रहाणाय यः सद्धर्ममदेशयत् ।
अनुकम्पमुपादय तं नमस्यामि गौतमम् ।।
གང་གིས་ཐུགས་བརྩེས་ཉེར་བཟུང་ནས༎
ལྟ་བ་ཐམས་ཅད་སྤང་པའི་ཕྱིར༎
དམ་པའི་ཆོས་ནི་སྟོན་མཛད་པ༎
གཽ་ཏམ་དེ་ལ་ཕྱག་འཚལ་ལོ༎

सर्वे सत्त्वाः सुखेन सुखहेतुभिश्चान्विता भवेयुः ।
सर्वे सत्त्वाः दुःखेभ्यो दुःखहेतुभ्यश्च विरहिता भवेयुः ।
सर्वे सत्त्वाः दुःखविरहसुखाद् वियुक्ता न भवेयुः ।
सर्वे सत्त्वाः समीपदूरवर्तिषु उभाभ्यां रागद्वेषाभ्यां वियुज्य उपेक्षायां स्थिताः भवेयुः ।
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག 
སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག 
སེམས་ཅན་ཐམས་ཅཤ་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག 
སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག 

अनिरोधमनुत्पादम् अनुच्छेदमशाश्चतम् ।
अनेकार्थमनानार्थम् अनागमनिर्गमम् ।।
གང་གིས་རྟེན་ཅིང་འབྲེལ་བ་འབྱུང་༎
འགག་པ་མེད་པ་སྐྱེ་མེད་པ༎
ཆད་པ་མེད་པ་རྟག་མེད་པ༎
འོང་བ་མེད་པ་འགྲོ་མེད་པ༎

यः प्रतीत्यसमुत्पादं प्रपञ्चोपशमं शिवम् ।
देशयामास सम्बुद्धस्तं वन्दे वदतां वरम् ।।
ཐ་དད་དོན་མིན་དོན་གཅིག་མིན༎
སྤྲོས་པ་ཉེར་ཞི་ཞི་བསྟན་པ༎
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི༎
དམ་པ་དེ་ལ་ཕྱག་འཚལ་ལོ༎

या सर्वज्ञतया नयत्युपशमं शान्तैषिणः श्चावकान् यामार्गज्ञतया जगद्धितकृतां लोकार्थसम्पादिका ।
सर्वाकारमिदं वदन्ति मुनयो विश्वं यया संगतास्तस्यै श्रावकबोधिसत्त्वगणिनो बुद्धस्य मात्रे नमः ।।
ཉམ་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་༎
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ༎
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ༎

विधूतकल्पनाजाल गम्भीरोदारमूर्तये ।
नमः समन्तभद्राय समन्तस्फरणत्विषे ।।
རྟོག་པའི་དྲྭ་བ་རྣམ་བསལ་ཅིང་༎
ཟབ་ཅིང་རྒྱ་ཆེའི་སྐུ་མངས་བ༎
ཀུན་ཏུ་བཟང་པོའི་འོད་ཟེར་དག 
ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ༎

मुनीन्द्रजाः श्रावकमध्यबुद्धाः संबोधिसत्त्वप्रभवसंबुद्धाः ।
कारुण्यचित्ताद्वयधीश्च हेतुः संबोधिचितं च जिनात्मजानाम् ।।
ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས༎
སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞིང་༎
སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་༎
བྱང་ཆུང་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ༎

ये धर्मा हेतुप्रभवा हेतुं तेषां तथागतो ह्यवदत् ।
तेषां च यो निरोध एवंवादी महाश्रमणः ।।
ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༎
དེ་རྒྱུ་དེ་བཞིན་གཤེགས་པས་གསུངས༎
རྒྱུ་ལ་འགོག་པ་གང་ཡིན་པ༎
དགེ་སྦྱོང་ཆེན་པོས་དེ་སྐད་གསུངས༎

कर्मक्लेशसहेतुकारणवती लोकप्रवृत्तिर्यथा ।
कर्मक्लेशनिवृतिकारणमपि प्रोवाच तन्नायकः ।।
यस्मिन् जन्मजराविपत्तिनियतं दुःखं न सन्तिष्ठते ।
तं मोक्षप्रवरं स वादिवृषभो ज्ञात्वा स्वयं भाषते ।।

ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་འགྱུར་ལྡན་འབྱུང་དང་༎
ལས་དང་ཉོན་མོངས་པ་དག་ལྡོག་རྒྱུུདེ་ཡང་འདྲེན་པས་རབ་ཏུ་གསུངས༎
གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ༎
ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེར་ཏེ་གསུངས༎


बोधिचित्तोत्पाद
སེམས་བསྐྱེད།

रत्नत्रयं मे शरणं सर्वं प्रतिदिशाम्यघम् ।
अनुमोदे जगत्पुण्यं बुद्धबोधौ दधे मनः ।।
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༎
སྡིག་པ་ཐམས་ཅད་སོ་སོར་བཤགས༎
འགྲོ་བའི་དགེ་ལ་རྗེས་ཡི་རང་༎
སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༎

आबोधेः शरणं यामि बुद्धं धर्मं गणोत्तमम् ।
बोधौ चित्तं करोम्येष स्वपरार्थप्रसिद्धये ।।
སངས་རྒྱས་ཆོས་དང་ཚོགས་མཆོག་ལ༎
བྱང་ཆུབ་བར་དུ་བདག་སྐྱབས་མཆི༎
རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༎
བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༎

उत्पादयामि वरबोधिचित्तं निमन्त्रयाम्यहं सर्वसत्त्वान् ।
इष्टां चरिष्यं वरबोधिचारिकां बुद्धो भवेयं जगतो हिताय ।।
བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༎
སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༎
བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༎
འགྲོ་ལ་ཕར་ཕྱིར་སངས་རྒྱས་འགྲུབ་པར་ཤོག 

सर्वपापस्याकरणंकुशलस्योपसम्पदा ।
स्वचित्तपर्यवदापनं एतद् बुद्धानां शासनम् ।।
སྡིག་པ་ཅི་ཡང་མི་བྱ་ཞིང་༎
དགེ་བ་ཕུན་སུམ་ཚོགས་པར་སྤྱད༎
རང་གི་སེམས་ནི་ཡོངས་སུ་འདུལ༎
འདི་ནི་སངས་རྒྱས་བསྟན་པ་ཡིན༎

तारका तिमिरं दीपो मायावश्यायबुद्बुदम् ।
स्वप्नं च विद्युदभ्रं च एवं द्रष्टव्यसंस्कृतम् ।।
སྐར་མ་རབ་རིབ་མར་མེ་དང་༎
སྒྱུ་མ་ཟིལ་བ་ཆུ་བུར་དང་༎
རྨི་ལམ་གློག་དང་སྤྲིན་ལྟ་བུ༎
འདུས་བྱས་ཆོས་རྣམས་དེ་ལྟར་ལྟ༎

त्रिविधं कायिकं कर्म वाचिकं तु चतुर्विधम् ।
मानसं त्रिप्रकारं च तत्सर्वं देशयाम्यहप् ।।
ལུས་ཀྱི་ལས་ནི་རྣམ་གསུམ་དང་༎
ངག་གི་རྣམ་པ་བཞི་དང་ནི༎
གང་ཡང་ཡིད་ཀྱི་རྣམ་གསུམ་པོ༎
དེ་དག་ཐམས་ཅད་བདག་འཆགས་སོ༎

परिणामना
བསྔོ་སྨོན།

वन्दनपूजनदेशनताय पोदनध्येषणयाचनताय ।
यच्च शुभं मयि संचितु किञ्चिद्बोधयि नामयमी अहु सर्वम् ।।
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་༎
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི༎
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ༎
ཐམས་ཅད་བདག་གིས་བྱང་ཆུང་ཕྱིར་བསྔོ་འོ༎

मञ्जुशिरी यथ जानति शूरः सो च समन्तभद्र तथैव ।
तेषु अहं अनुशिक्षयमाणो नामयमी कुशलं इमु सर्वम् ।।
འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་༎
ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ༎
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར༎
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ༎

सर्वत्रियध्वगतेभि जिनेभिर्या परिणामन वर्णित अग्रा ।
ताय अहं कुशलं इमु सर्वं नामयमी वरभद्रचरीये ।।
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི༎
བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས༎
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་༎
བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི༎

सत्त्वाः समस्ताः सुखिनो भवन्तु सर्वाः सदा दर्गतयश्च शून्याः ।
स्थिताश्च ये केचन बोधिसत्त्वा भूयात्समेषां प्रणिधानसिद्धिः ।।
སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག 
ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག 
བྱང་ཆུབ་སེམས་དཔའ་འགང་དག་སུ་བཞུགས་པ༎
དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག 

अनेन पुण्येन तु सर्वदर्शितामवाप्य निर्जित्य च दोषविद्विषः ।
जरारुजामृत्युमहोर्मिसंकुलात्समुद्धरेयं भवसागराज्जगत् ।।
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི༎
གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ༎
རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི༎
སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག 

आकाशस्य स्थितिर्यावद्यावच्च जगतः स्थितिः ।
तावन्ममम स्थितिर्भूयाज्जगद्दुःखानि निघ्नतः ।।
ཇི་སྲིད་ནམ་མཁའ་གནས་པ་དང་༎
འགྲོ་བ་དེ་སྲིད་གནས་གྱུར་པ༎
དེ་སྲིད་བདག་ནི་གནས་གྱུར་ནས༎ 
འགྲོ་བའི་སྡུག་བསྔལ་སེལ་བ་ཤོག 



སྒྲོལ་མ་ཉེ་ཤུ་རྩ་གཅིག
विंशतिस्तोत्रम्।

भगवत्यार्यतारादेव्या नमस्कारैकविंशतिस्तोत्रम्।
བཅོམ་ལྡན་འདས་མ་འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་བཞུགས་སོ།།

नमस्तारे तुरे वीरे क्षणद्युतिनिभेक्षणे     
त्रैलोक्यनाथवक्त्राब्जविकसत्केसरोद्भवे ।। १ ।।
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ།།

नमः शतशरच्चन्द्रसम्पूर्णपटलानने    
तारे सहस्रनिकरप्रहसत्क्रिरणोज्जवले ।। २ ।।
ཕྱག་འལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།།
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ།། ༢

नमः कनकनीलाब्जपाणिपद्मविभूषिते  
दानवीर्यतपःक्षान्तितितिक्षाध्यानगोचरे ।। ३ ।।
ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ།
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉི་མ་།།

नमस्तथागतोष्णीषविजयानन्तचारिणि ।
अशेषपारमिप्राप्तजिनपुत्रनिषेविते        ।। ४ ।।
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།།
མ་ལུས་ཕ་རོལ་སྦྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།།


नमस्तुत्तारहूँकारपूरिताशादिगन्तरे   
सप्तलोकक्रमाक्रान्तिनिःशेषाकर्षणक्षमे ।। ५ ।।
ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེ། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ།།
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ།།

नमः शक्रानलब्रह्ममरुद्विश्वेश्वरार्चिते ।
भूतवेतालगन्धर्वगणयक्षपुरस्कृते      ।। ६ ।।
ཕྱག་འཚལ་བརྒྱ་སྦྱིན་མེ་ལ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།།
འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།།

नमस्त्रडितिफट्कारपरयन्त्रप्रमर्दिनि ।
प्रत्यालीढपदन्यासे शिखिज्वालाकुलोज्जवले ।। ७ ।।

ཕྱག་འཚལ་ཏྲཌ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ།།
གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནོན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།།

नमस्तुरे महाघोरे मारवीरविनाशिनि
भृकुटीकृतवक्त्राब्जसर्वशत्रुनिषूदिनि
   ।। ८ ।।
ཕྱག་འཚལ་ཏུ་རི་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།།
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།  །དགྲ་བོ་ཐམས་ཅད་མ་ལུས་གསོད་མ།།

नमस्त्रिरत्नमुद्रांकहृद्यांगुलिविभूषिते   ।
भूषिताशेषदिक्चक्रनिकरस्वकराकुले  ।। ९ ।।
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་གར་རྣམ་པར་བརྒྱན་མ།
མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།། ༩

नमः प्रमुदितोद्यीप्तमुकुटाक्षिप्तमालिनि ।
हसत्प्रहसत्तुत्तारे मारलोकवशंकरि      ।। १० ।।
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ།།
བཞད་པར་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ།། ༡༠

नमः       समन्तभूपालपटलाकर्षणक्षमे ।
चलद्भृकुटिहूँकारसर्वापत्तिविमोचिनी   ।। ११ ।।
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ།།
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།། ༡༡

नमः शिखण्डखण्डेन्दुमुकुटाभरणोज्जवले ।
अमिताभजटाभारभास्वरकिरणे ध्रुवे
     ।। १२ ।।
ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།།
རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ།། ༡༢

नमः कल्पान्तहुतभुग्ज्वालामालान्तरस्थिते ।
आलीढमुदिताबद्धरिपुचक्रविनाशिनि        ।। १३ ।।
ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ།།
གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།། ༡༣

नमः करतलाघातचरणाहतभूतले 
भृकुटीकृतहूँकारसप्तपातालभेदिनि ।। १४ ।।
ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།།
ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ།། ༡༤

नमः शिवे शुभे शान्ते शान्तनिर्वाणगोचरे ।
स्वाहाप्रणवसंयुक्ते महापातकनाशिनि     ।। १५ ।।
ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།།
སྭཱ་ཧཱ་ཨྃ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།། ༡༥

नमः प्रमुदिताबद्धरिपुगात्रप्रभेदिनि 
दशाक्षरपदन्यासे विद्याहूँकारदीपिते ।। १६ ।।
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ།།
ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ།། ༡༦

नमस्तुरे पदाघातहूँकाराकारबीजिते ।
मेरुमन्दरविन्ध्यैश्च भुवनत्रयचालिनि ।। १७ ।।

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ།
རི་རབ་མནྡ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། ༡༧

नमः सुरे सराकारहरिणाङ्ककरस्थिते ।
तारद्विरुक्तफट्कारैरशेषविषनाशिनि   ।। १८ ।।
ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།།
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ།། ༡༨

नमः सुरगणाध्यक्षे सुरकिन्नरसेविते     
आबद्धमुदिताभोगकलिदुःस्वप्ननाशिनि  ।। १९ ।।
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ།
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། རྩོད་དང་རྨི་ལམ་ངན་པ་སེལ་མ།། ༡༩

नमश्चन्द्रार्कसम्पूर्णनयनद्युतिभास्वरे ।
हरद्विरुक्ततुत्तारैर्विषमज्वरनाशिनि  ।। २० ।।
ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ།།
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ།། ༢༠

नमस्त्रितत्त्वविन्यासे शिवशक्तिसमन्विते ।
ग्रहवेतालयक्षौघनाशिनि प्रवरे        तुरे ।। २१ ।।
ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ།།
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།། ༢༡

मन्त्रमूलमिदं स्तोत्रं नमस्कारैकविंशकम्        ।
यः पठेत् प्रयतो धीमान् देव्या भक्तिसमन्वितः ।। २२ ।।
རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། ཕྱག་འཚལ་བ་ནི་ཉ་ཤུ་རྩ་གཅིག
ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་ཏུ་བརྗོད་པས།། ༢༢

सांय वा प्रातरुत्थाय स्मरेत् सर्वाभयप्रदम् ।
सर्वप्रापप्रशमनं सर्वदुर्गतिनाशनम्           ।। २३ ।।
སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར།།
སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།། ༣༣

अभिषिक्तो भवेत् तूर्णं सप्तभिर्जिनकोटिभिः ।
अस्मिन्महत्त्वमासाद्य सोऽन्ते बुद्धपदं व्रजेत्  ।। २४ ।।
རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུང་དུ་དབང་ནི་བསྐུར་བར་འགྱུར་ལ།།
འདི་ལས་ཆེ་བ་ཉི་ནི་འཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།། ༢༤
विषं तस्य महाघोरं स्थावरं वाऽथ जङ्गमम् ।
स्मरणात् प्रलयं याति खादितं पीतमेव वा    ।। २५ ।।
དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པ་འམ་གན་ཡང་འགྲོ་བ།།
ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ།། ༢༥

ग्रहज्वरविषार्तानां परमार्तिविनाशनम्    
अन्येषां चैव सत्त्वनां द्वित्रिसप्ताभिवर्तनात् ।। २६ ।।
གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ།།
སེམས་ཅན་གྷཟན་པ་རྣམས་ལ་ཡང་ངོ། །གཉིས་གསུམ་བདུད་དུ་མངོན་པར་བརྗོད་ན།། ༢༦

पुत्रकामो लभेत् पुत्रं धनकामो लभेद् धनम् ।
सर्वकामान् अवाप्नोति न विघ्नैः प्रतिहन्यते  ।। २७ ।।
བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ།།
འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ།།བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག།། ༢༧

इति श्रीसम्यक्संबुद्धवैरोचनाभिभाषितं भगवत्यार्यताराया देव्या नमस्कारैकविंशतिस्तोत्रं गुणानुशंसासहितं सम्पूर्णं समाप्तम्।। शुभम् ।।


ཅེས་དཔལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གསུངས་པའི་བཅོམ་ལྡན་འདས་མ་འཔགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་ཡོན་ཏན་དང་ཕན་ཡོན་བཅས་པ་ཡོངས་སུ་རྫོགས་སོ། །དགེ་བར་གྱུར་ཅིག་གུ།།

ओं तारे तुत्तारे तुरे स्वाहा ।
ཨོྃ་ཏཱ་རེ་ཏུཏྟཱརེ་ཏུརེ་སྭཱཧྭ།


ओं तारे तुत्तारे तुरे मम आयुर्ज्ञानपुष्टिं कुरुषे स्वाहा ।
ཨོྃ་ཏཱརེ་ཏུཏྟཱརེ་ཏུརེ་མམ་ཨཱཡུརྫྙཱན་པུཥྜིཾ་ཀུརུཥེ་སྭཱཧཱ།།




ཨོྃ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།

ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ། །ཏུ་རྟཱ་ར་ཡིས་འཇིགས་ཀུན་སེལ་མ།།
ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ། །སྭཱ་ཧྰ་ཡི་གེར་བཅས་ལ་རབ་འདུད།།



རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུལ་གྱུར་མ་ལུས་རྒྱལ་བའི་འཕྲིན་ལས་ཀུན་སྒྲུབ་མ།
མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་སྟེར་རྣམ་རྒྱལ་རིག་བྱེད་མ་དང་འཇིགས་བྱེད་མ།
གཞན་གྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་གཏེར་མ།
བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མ་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ།། ༡


དཔག་མེད་གནནོ་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད།།
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱི་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེ་འོ་རྗེ་བཙུན་མ།།
ཚེ་འདིར་རྣམ་དག་བཤད་སྒྲུབ་རབ་རྒྱས་ཚེ་འཕོས་མོད་ལ་འཕགས་མའི་ཐུགས་སྲས་དམ་པར་བདག་གྱུར་ཏེ།།
ཚེ་འདི་ཉིད་ལ་གེགས་བྱེ་གཏན་མེད་ས་ལམ་མ་ལུས་གློག་བཞིན་མྱུར་བགྲོད་རྡོ་རྗེ་འཆང་འགྲུབ་མཛོད།།

ཅེས་པ་འདི་ནི་སྒྲོལ་བསྟོད་བསྡུས་པ་བསྟན་འགྱུར་ནས་འབྱུང་བ་བཞིན་ལ་འདོད་གསོལ་ནི་འཕགས་མའི་རྣམ་འབྱོར་པ་ཆེན་པོ་རྗེ་བློ་བཟང་དགེ་ལེགས་རབ་རྒྱས་ཀྱིས་མཛད་པ་བྱིན་བརླབ་ཀྱི་ཚན་ཀ་ཆེའོ།། །།


                                     །། འཕགས་མ་མཁྱེན །།

No comments:

Post a Comment