མཆོད་བརྗོད།

सर्वदृष्टिप्रहाणाय यः सद्धर्ममदेशयत् । གང་གིས་ཐུགས་བརྩེ་ཉེར་བཟུང་ནས༎ ལྟ་བ་ཐམས་ཅད་སྤང་པའི་ཕྱིར༎

अनुकम्पमुपादय तं नमस्यामि गौतमम् ।। དམ་པའི་ཆོས་ནི་སྟོན་མཛད་པ༎ གཽ་ཏམ་དེ་ལ་ཕྱག་འཚལ་ལོ༎

Thursday, 26 September 2013

དཀར་ཆག

༄༅། །ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་ཏེ། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌། གཟུངས་ཆེ་ཕྲ་དང༌། མཚན་བརྒྱ་རྩ་བརྒྱད་དང༌། བསྟོད་པ་དང༌། སྨོན་ལམ་དང༌། བཀྲ་ཤིས་དང༌། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་ཊཱི་ཀཱ་དང༌། དབུ་མའི་བསྟན་བཅོས་དང་བསམ་གཏན་གྱི་ཡེ་གེ་དང༌། རྣམ་པར་ཤེས་པའི་བསྟན་བཅོས་དང༌། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤློ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ། ཐེག་པ་ཆེན་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཤློ་ཀ་འབུམ། བམ་པོ་སུམ་བརྒྱ། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ཤློ་ཀ་ཉི་ཁྲི་ལྔ་སྟོང༌། བམ་པོ་བརྒྱད་ཅུ་རྩ་གསུམ་དང༌། ཤློ་ཀ་བརྒྱ། འཕགས་པ་ཁྲི་བརྒྱད་སྟོང་པ་ཤློ་ཀ་ཁྲི་བརྒྱད་སྟོང༌། བམ་པོ་དྲུག་ཅུ། འཕགས་པ་ཁྲི་པ། ཤློ་ཀ་ཁྲི། བམ་པོ་སུམ་ཅུ་རྩ་གསུམ་དང༌། ཤློ་ཀ་བརྒྱ། འཕགས་པ་བརྒྱད་སྟོང་པ། ཤློ་ཀ་བརྒྱད་སྟོང༌། བམ་པོ་ཉི་ཤུ་རྩ་དྲུག་དང༌། ཤློ་ཀ་བརྒྱ། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱད་དྲུག་ཅུ་སྟེ། བམ་པོ་བདུན་དང༌། ཤློ་ཀ་དྲུག་ཅུ། འཕགས་པ་བདུན་བརྒྱ་པ། ཤློ་ཀ་བདུན་པ་བརྒྱ་སྟེ། བམ་པོ་གཉིས་དང༌། ཤློ་ཀ་བརྒྱ། འཕགས་པ་ལྔ་བརྒྱ་པ། ཤློ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། འཕགས་པ་རྡོ་རྗེ་གཅོད་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག ། འཕགས་པ་སྡུད་པ་ཚིགས་སུ་བཅད་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག ། འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ། ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་ལྔ་བཅུ་པ། ཤློ་ཀ་ལྔ་བཅུ། འཕགས་པ་ཀཽ་ཤི་ཀ ། ཤློ་ཀ་སུམ་ཅུ་རྩ་གཅིག ། འཕགས་པ་ཤེས་རབ་སྙིང་པོ་ཤློ་ཀ་ཉི་རྩ་བརྒྱད། འཕགས་པ་སྒོ་ཉི་ཤུ་རྩ་ལྔ་པ། ཤློ་ཀ་ཉི་ཤུ་རྩ་ལྔ། འཕགས་པའི་ཡི་གེ་ཉུང་ངུ༌། ། ཤློ་ཀ་སུམ་ཅུ་ཐམ་པའོ།། །།ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སངས་རྒྱས་ཕལ་པོ་ཆེ། ལེའུ་བཞི་བཅུ་རྩ་ལྔ་ཡན་ཆད་ལ། ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ། བམ་པོ་བརྒྱ་སུམ་ཅུ་དང༌། ཤློ་ཀ་སུམ་ཅུ་ཡོད་པ་ལས། དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུར་གཏོགས་པ་ལ། ཤློ་ཀ་བཞི་སྟོང་ཉིས་བརྒྱ་སྟེ། བམ་པོ་བཅུ་བཞི། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་ཡོངས་སུ་བསྔོ་བའི་ལེའུ། ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ་བམ་པོ་བཅུ་གསུམ། འཕགས་པ་བྱང་ཆུབ་སེམས་དཔའི་ས་བཅུ་བསྟན་པ། ཤློ་ཀ་ཉིས་སྟོང་བཞི་བརྒྱ་སྟེ། བམ་པོ་བརྒྱད། འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པ་བསྟན་པ། ཤློ་ཀ་བཞི་སྟོང་བརྒྱད་བརྒྱ་སྟེ། བམ་པོ་བཅུ་དྲུག །ཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག ། འཕགས་པ་སྡོང་པོ་བཀོད་པའི་མདོ། ཤློ་ཀ་དགུ་སྟོང་སྟེ་བམ་པོ་སུམ་ཅུ་ཐམ་པ། །ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་བའི་ལེའུར་གཏོགས་པ་ལ། ལེའུ་བཞི་བཅུ་རྩ་དགུ་ཡན་ཆད་ལས། འཕགས་པ་སྡོམ་པ་གསུམ་བསྟན་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་སྒོ་མཐའ་ཡས་པ་རྣམས་པར་སྦྱོང་བ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ། བམ་པ་བཞི་འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ། ཤློ་ཀ་སུམ་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅུ་གཅིག་དང༌། ཤློ་ཀ་ཉིས་བརྒྱ། འཕགས་པ་རྨི་ལམ་བསྟན་པ། ཤློ་ཀ་སྟོང་སྟེ་བམ་པོ་གསུམ་དང༌། ཤློ་ཀ་བརྒྱ། འཕགས་པ་འོད་དཔག་མེད་ཀྱི་བཀོད་པ། ཤློ་ཀ་དབུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་མི་འཁྲུགས་པའི་བཀོད་པ། ཤློ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་སྟེ་བམ་པོ་ལྔ་དང༌། ཤློ་ཀ་བཞི་བཅུ། འཕགས་པ་གོ་ཆ་བཀོད་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག ། འཕགས་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དབྱེར་མེད་པར་བསྟན་པ། ཤློ་ཀ་དྲུག་བརྒྱ་ལྔ་བཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་ལྔ་བཅུ། འཕགས་པ་ཆོས་བཅུ་པ། ཤློ་ཀ་ལྔ་བརྒྱ་སྟེ་བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། འཕགས་པ་ཀུན་ནས་སྒོའི་ལེའུ། ཤློ་ཀ་ཉིས་བརྒྱ་དྲུག་ཅུ། འཕགས་པ་འོད་ཟེར་བསྒྲུབ་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། འཕགས་པ་བྱང་ཆུབ་སེམས་པའི་སྡེ་སྣོད། ཤློ་ཀ་དྲུག་སྟོང་སྟེ། བམ་པོ་ཉི་ཤུ་ འཕགས་པ་མངལ་ན་གནས་པ་བསྟན་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་མངལ་དུ་འཇུག་པ་བསྟན་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ། ཤློ་ཀ་སྟོང་ཆིག་བརྒྱ་བཞི་བཅུ་སྟེ་བམ་པོ་གསུམ་དང༌། ཤློ་ཀ་བརྒྱ་བཞི་བཅུ། འཕགས་པ་ཡབ་དང་སྲས་མཇལ་བ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། བམ་པོ་བཅོ་ལྔ། འཕགས་པ་གང་པོས་ཞུས་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ། ཤློ་ཀ་སྟོང་སྟེ་བམ་པོ་གསུམ་དང༌། ཤློ་ཀ་བརྒྱ། འཕགས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ། ཤློ་ཀ་བདུན་བརྒྱ་ལྔ་བཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་གློག་སྦྱིན་གྱིས་ཞུས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ། ཤློ་ཀ་བཞི་བརྒྱ་སུམ་ཅུ་སྟེ་བམ་པོ་གཅིག་དང༌། ཤློ་ཀ་བརྒྱ་སུམ་ཅུ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་བྱམས་པ་སེང་གེའི་སྒྲ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། འཕགས་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་ལྷག་པའི་བསམ་པ་བསྐུལ་བ་ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་ལག་བཟངས་ཀྱིས་ཞུས་པ། ཤློ་ཀ་བདུན་བརྒྱ་རྩ་བརྒྱད་དེ་བམ་པོ་གཉིས་དང༌། ཤློ་ཀ་བརྒྱ་རྩ་བརྒྱད། འཕགས་པ་དེས་པས་ཞུས་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་གང་གཱའི་མཆོག་གིས་ཞུས་པ། ཤློ་ཀ་བརྒྱད་ཅུ། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་སྟེ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པས་ཞུས་པ། ཤློ་ཀ་བརྒྱ་བཞི་བཅུ། འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། འཕགས་པ་སེང་གེས་ཞུས་པ། ཤློ་ཀ་དྲུག་ཅུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ། ཤློ་ཀ་སྟོང་ཉིས་བརྒྱ་བཅུ་གསུམ་སྟེ། བམ་པོ་བཞི་དང་ཤློ་ཀ་བཅུ་གསུམ། འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་བུ་མོ་དད་ལྡན་གྱིས་ཞུས་པ། ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་བྱམས་པས་ཞུས་པ། ཤློ་ཀ་སུམ་བརྒྱ་རྩ་བཅུ་སྟེ་བམ་པོ་གཅིག་དང་ཤློ་ཀ་བཅུ། འཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་འོད་སྲུངས་ཀྱིས་ཞུས་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་རིན་པོ་ཆེའི་ཕུང་པོ། ། ཤློ་ཀ་དྲུག་བརྒྱ་བདུན་ཅུ་སྟེ། བམ་པོ་གཉིས་དང་ཤློ་ཀ་བདུན་ཅུ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་ལྷ་མོ་དཔལ་ཕྲེང་སེང་གེའི་སྒྲ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་དྲང་སྲོང་རྒྱས་པས་ཞུས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས།། །།ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ལ། བམ་པོ་ཉི་ཤུ་རྩ་དྲུག་མན་ཆད་ནས། བམ་པོ་བཅུ་གཅིག་པ་ཡན་ཆད་ལ། འཕགས་པ་བསྐལ་པ་བཟང་པོ། ། ཤློ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ་བམ་པོ་ཉི་ཤུ་རྩ་དྲུག ། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ། ། ཤློ་ཀ་བདུན་སྟོང་ལྔ་བརྒྱ་སྟེ་བམ་པོ་ཉི་ཤུ་རྩ་ལྔ། འཕགས་པ་རྒྱ་ཆེར་རོལ་པ། ཤློ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པོ་བཅོ་བརྒྱད། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ། ཤློ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པོ་བཅོ་བརྒྱད། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ། ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། འཕགས་པ་སྙིང་རྗེ་པདྨ་དཀར་པོ། ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། འཕགས་པ་དམ་པའི་ཆོས་པདྨ་དཀར་པོ། ། ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ་བམ་པོ་བཅུ་གསུམ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། ། ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ་བམ་པོ་བཅུ་གསུམ། འཕགས་པ་འདུས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ། ། ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ། ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག ། འཕགས་པ་ལང་ཀར་གཤེགས་པ། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག།། །། བམ་པོ་བཅུ་མན་ཆད་ལ། འཕགས་པ་སྤྲིན་ཆེན་པོ། ། ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། འཕགས་པ་གསེར་འོད་དམ་པའི་མདོ། ། ཤློ་ཀ་ཉིས་སྟོང་བཞི་བརྒྱ་སྟེ། བམ་པོ་བརྒྱད། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་བརྒྱད། འཕགས་པ་དཀོན་མཆོག་སྤྲིན། བམ་པོ་བརྒྱད། འཕགས་པ་དེ་བཞིན་གཤེགས་པའི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། བམ་པོ་བརྒྱད། འཕགས་པ་འདུས་པ་རིན་པོ་ཆ་ཏོག་གི་གཟུངས། ཤློ་ཀ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་རྩ་གསུམ་སྟེ་བམ་པོ་བརྒྱད་དང་ཤློ་ཀ་སུམ་ཅུ་རྩ་གསུམ། འཕགས་པ་སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། འཕགས་པོ་བློ་གྲོས་མི་ཟད་པས་བསྟན་པ། བམ་པོ་བདུན། འཕགས་པ་ཆོས་ཡང་དག་པར་སྡུད་པ། བམ་པོ་བདུན། འཕགས་པ་དཀོན་མཆོག་འབྱུང་གནས། བམ་པོ་བདུན། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། བམ་པོ་བདུན། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། བམ་པོ་བདུན། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ། བམ་པོ་བདུན། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ། བམ་པོ་བདུན། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། བམ་པོ་བདུན། འཕགས་པ་སྙིང་རྗེ་ཆེན་པོའི་པདྨ་དཀར་པོ། ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག ། འཕགས་པ་ཆས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ། ། བམ་པོ་དྲུག ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ། བམ་པོ་དྲུག ། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ། བམ་པོ་དྲུག ། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ། ། བམ་པོ་དྲུག ། འཕགས་པ་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན། བམ་པོ་དྲུག ། འཕགས་པ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ། བམ་པོ་དྲུག ། འཕགས་པ་དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱ། ཤློ་ཀ་སྟོང་ལྔ་བརྒྱ་བདུན་ཅུ་སྟེ་བམ་པོ་ལྔ་དང༌། ཤློ་ཀ་བདུན་ཅུ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཁྲུལ་པ་བསྟན་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། བམ་པོ་ལྔ། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན། བམ་པོ་ལྔ། འཕགས་པ་རྔ་བོ་ཆེའི་མདོ། ། བམ་པོ་ལྔ། འཕགས་པ་རིན་པོ་ཆེ་ཆེན་པོའི་མདོ། ། བམ་པོ་ལྔ། འཕགས་པ་ཟ་མ་ཏོག་བཀོད་པ། ཤློ་ཀ་སྟོང་སུམ་བརྒྱ་དྲུག་ཅུ་རྩ་ལྔ་སྟེ་བམ་པོ་བཞི་དང༌། ཤློ་ཀ་བརྒྱ་དྲུག་ཅུ་རྩ་ལྔ། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས། ཤློ་ཀ་སྟོང་ཉིས་བརྒྱ་ལྔ་བཅུ་སྟེ་བམ་པོ་བཞི་དང་ཤློ་ཀ་ལྔ་བཅུ། འཕགས་པ་ཐེག་པ་ཆེན་པོའི་མན་ངག ། ཤློ་ཀ་སྟོང་ཉིས་བརྒྱ་བཞི་བཅུ་སྟེ། བམ་པོ་བཞི་དང་ཤློ་ཀ་བཞི་བཅུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཤློ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་སྟེ་བམ་པོ་བཞི་དང་ཤློ་ཀ་ཉི་ཤུ། འཕགས་པ་ལྷག་པའི་བསམ་པ་བསྟན་པ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། འཕགས་པ་དཀོན་མཆོག་ཟ་མ་ཏོག་བམ་པོ་བཞི། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ། བམ་པོ་བཞི། འཕགས་པ་རྒྱན་སྟུག་པོ་བཀོད་པ། བམ་པོ་བཞི། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན། བམ་པོ་བཞི། འཕགས་པ་དེ་བཞིན་གཤེགས་པའི་མཛོད། བམ་པོ་བཞི། འཕགས་པ་དེ་བཞིན་གཤེགས་པ་འགྲོ་བ། ཤློ་ཀ་དགུ་བརྒྱ་བདུན་ཅུ་རྩ་ལྔ་སྟེ་བམ་པོ་གསུམ་དང་ཤློ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན། ཤློ་ཀ་དགུ་བརྒྱ་ལྔ་བཅུ་སྟེ། བམ་པོ་གསུམ་དང་ཤློ་ཀ་ལྔ་བཅུ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ། ཤློ་ཀ་དགུ་བརྒྱ་ཉི་ཤུ་སྟེ་བམ་པོ་གསུམ་དང་ཤློ་ ཀ་ཉི་ཤུ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན། ཤློ་ཀ་དགུ་བརྒྱ་རྩ་བཅུ་སྟེ་བམ་པོ་གསུམ་དང་ཤློ་ཀ་བཅུ། འཕགས་པ་སངས་རྒྱས་བགྲོ་བ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ། བམ་པོ་གསུམ། འཕགས་པ་མེ་ཏོག་གི་ཚོགས། བམ་པོ་གསུམ། འཕགས་པ་ཁྱེའུ་བཞིའི་ཏིང་ངེ་འཛིན། བམ་པོ་གསུམ། འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། བམ་པོ་གསུམ། འཕགས་པ་དེ་བཞིན་གཤེགས་པའི་དཔལ་ཕུན་སུམ་ཚོགས་པ། བམ་པོ་གསུམ། འཕགས་པ་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག ། བམ་པོ་གསུམ། འཕགས་པ་དཔལ་ཆེན་མོའི་མདོ། ། བམ་པོ་གསུམ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྣམ་པར་རྩེ་བའི་ལེའུ། ཤློ་ཀ་བརྒྱད་བརྒྱ་ཉི་ཤུ་སྟེ་བམ་པོ་གཉིས་དང་ཤློ་ཀ་ཉིས་བརྒྱ་ཉི་ཤུ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན། ཤློ་ཀ་དྲུག་བརྒྱ་དྲུག་ཅུ་སྟེ། བམ་པོ་གཉིས་དང་ཤློ་ཀ་དྲུག་ཅུ། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ། ཤློ་ཀ་དྲུག་བརྒྱ་བཅུ་དགུ་སྟེ། བམ་པོ་གཉིས་དང་ཤློ་ཀ་བཅུ་དགུ། འཕགས་པ་འཇམ་དཔལ་རྣམ་པར་རོལ་བ། ཤློ་ཀ་དྲུག་བརྒྱ་རྩ་བཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་བཅུ། འཕགས་པ་བྱམས་པ་འཇུག་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ། བམ་པོ་གཉིས། འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ། བམ་པོ་གཉིས། འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ། བམ་པོ་གཉིས། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ། བམ་པོ་གཉིས། འཕགས་པ་ཟླ་བའི་སྙིང་པོས་ཞུས་པ། བམ་པོ་གཉིས། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་སེམས་ཅན་ལ་གཟིགས་ཤིང༌། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་དུ་སྟོན་པ། བམ་པོ་གཉིས། འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། བམ་པོ་གཉིས། འཕགས་པ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། བམ་པོ་གཉིས། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པ། བམ་པོ་གཉིས། འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས། ཤློ་ཀ་ལྔ་བརྒྱ་བདུན་ཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ་བདུན་ཅུ། འཕགས་པ་དཔལ་དབྱངས་ཀྱིས་ཞུས་པ། ཤློ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། འཕགས་པ་ནམ་མཁའི་སྙིང་པོའི་མདོ། ། ཤློ་ཀ་བཞི་བརྒྱ་བདུན་ཅུ་རྩ་ལྔ་སྟེ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་བདུན་ཅུ་རྩ་ལྔ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ཤློ་ཀ་བཞི་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ། ཤློ་ཀ་སུམ་བརྒྱ་དགུ་བཅུ་རྩ་བཞི་སྟེ། བམ་པོ་གཅིག་དང་ཤློ་ཀ་དགུ་བཅུ་རྩ་བཞི། འཕགས་པ་ཆོས་ཀྱི་རྒྱལ་པོའི་མདོ། ། ཤློ་ཀ་བཞི་བརྒྱ་སྟེ། བམ་པོ་གཅིག་དང་ཤློ་ཀ་བརྒྱ། འཕགས་པ་གླང་པོའི་རྩལ་གྱི་མདོ། ། ཤློ་ཀ་སུམ་བརྒྱ་དྲུག་ཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ། བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་སྡུད་པ། བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ། བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ། འཕགས་པ་དཔལ་སྦས་ཀྱི་མདོ། ། བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་གྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ། ཤློ་ཀ་སུམ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་ལྔ་བཅུ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ། ཤློ་ཀ་སུམ་བརྒྱ་བཞི་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་བཞི་བཅུ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ། ། ཤློ་ཀ་སུམ་བརྒྱ་རྩ་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་བཅུ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། བམ་པོ་གཅིག་དང་ཤློ་ཀ་བཅུ། འཕགས་པ་དེ་བཞིན་གཤེགས་པའི་སྐྱོད་ཡུལ་ཡོངས་སུ་དག་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག ། འཕགས་པ་ཚངས་པས་བྱིན་གྱིས་ཞུས་པ། བམ་པོ་གཅིག ། འཕགས་པ་ཆོས་ཀྱི་ཚུལ་ངེས་པ་དང་མ་ངེས་པར་འགྲོལ་བའི་ཕྱག་རྒྱ་ལ་འཇུག་པ། བམ་པོ་གཅིག ། འཕགས་པ་འདུལ་བ་རྣམ་པར་གདོན་མི་ཟ་བ། བམ་པོ་གཅིག ། འཕགས་ པ་མར་མེ་འབུལ་བ། བམ་པོ་གཅིག ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ། བམ་པོ་གཅིག ། འཕགས་པ་ཆོས་ཀྱི་ཚུལ། བམ་པོ་གཅིག ། འཕགས་པ་ཡེ་ཤེས་རྒྱས་པ། བམ་པོ་གཅིག ། འཕགས་པ་ཐབས་ལ་མཁས་པ། བམ་པོ་གཅིག ། འཕགས་པ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་བམ་པོ་གཅིག ། བམ་པོར་མ་ལོངས་པ་ལ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། ཤློ་ཀ་ཉིས་བརྒྱ་བརྒྱད་ཅུ། འཕགས་པ་བསམ་གྱིས་མི་ཁྱབ་པ་བསྟན་པ། ཤློ་ཀ་ཉིས་བརྒྱ་བདུན་ཅུ་རྩ་དྲུག ། འཕགས་པ་བཞི་པ་བསྒྲུབ་པ། ཤློ་ཀ་ཉིས་བརྒྱ་དྲུག་ཅུ། འཕགས་པ་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས། ཤློ་ཀ་ཉིས་བརྒྱ་དྲུག་ཅུ། འཕགས་པ་ལས་ཀྱི་སྒྲུབ་པ་རྒྱུན་གཅོད་པ། ཤློ་ཀ་ཉིས་བརྒྱ་སུམ་ཅུ། འཕགས་པ་སཱ་ལུ་ལྗང་པ། ཤློ་ཀ་ཉིས་བརྒྱ་ཉི་ཤུ་རྩ་དྲུག ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ། ཤློ་ཀ་ཉིས་བརྒྱ་ཉི་ཤུ། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ། ཤློ་ཀ་ཉིས་བརྒྱ་བཅུ། འཕགས་པ་རིན་པོ་ཆེའི་མཐའ། ཤློ་ཀ་ཉིས་བརྒྱ་བཅུ། འཕགས་པ་ཁྱེའུ་རིན་ཆེན་ཟླ་བས་ཞུས་པ། ཤློ་ཀ་ཉིས་བརྒྱ་རྩ་དྲུག ། འཕགས་པ་སངས་རྒྱས་ཀྱིས། ཤློ་ཀ་ཉིས་བརྒྱ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ༌། ཤློ་ཀ་ཉིས་བརྒྱ། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན། ཤློ་ཀ་ཉིས་བརྒྱ། འཕགས་པ་ཚངས་པས་ཞུས་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་ག་ཡ་མགོའི་རི། ཤློ་ཀ་བརྒྱ་བརྒྱད་ཅུ་རྩ་བརྒྱད། འཕགས་པ་རྒྱལ་པོ་ལ་གདམས་པ། ཤློ་ཀ་བརྒྱ་དྲུག་ཅུ། འཕགས་པ་དེ་བཞིན་གཤེགས་པའི་བསྔོ་བ་ལ་མཁས་པ། ཤློ་ཀ་བརྒྱ་དྲུག་ཅུ། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ། ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་ཆོས་ཀྱི་ཕུང་པོ། ། ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་འཇམ་དཔལ་གནས་པ། ཤློ་ཀ་བརྒྱ་བཞི་བཅུ། འཕགས་པ་བདེ་བ་ཅན་གྱི་བཀོད་པ། ཤློ་ཀ་བརྒྱ་སུམ་ཅུ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཤློ་ཀ་བརྒྱ་ཉི་ཤུ་རྩ་གཅིག ། འཕགས་པ་སངས་རྒྱས་མི་སྤངས་པ། ཤློ་ཀ་བརྒྱ་ཉི་ཤུ། འཕགས་པ་དཔལ་དབྱིག་གིས་ཞུས་པ། ཤློ་ཀ་བརྒྱ་རྩ་བཅོ་ལྔ། འཕགས་པ་བགྲེས་མོས་ཞུས་པ་ཤློ་ཀ་བརྒྱ་རྩ་བཅོ་ལྔ། འཕགས་པ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པ་ཤློ་ཀ་བརྒྱ་རྩ་བཅུ་གཅིག ། འཕགས་པ་སངས་རྒྱས་བདུན་པ་ཤློ་ཀ་བརྒྱ་རྩ་ལྔ། ཤློ་ཀ་བརྒྱ་མན་ཆད་ལ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ། ། ཤློ་ཀ་བརྒྱ། འཕགས་པ་གྲོང་ཁྱེར་གྱི་འཚོ་བའི་མདོ། ། ཤློ་ཀ་བརྒྱ། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། ཤློ་ཀ་བརྒྱ། འཕགས་པ་དོན་བརྒྱ་བའི་ཆོས་ཀྱི་རྣམ་གྲངས། ཤློ་ཀ་བརྒྱ། འཕགས་པ་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས། ཤློ་ཀ་བརྒྱ། འཕགས་པ་དོན་དང་ཆོས་རྣམ་པར་འབྱེད་པ། ཤློ་ཀ་དགུ་བཅུ་རྩ་གཉིས། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ། ཤློ་ཀ་དགུ་བཅུ་རྩ་གཉིས། འཕགས་པ་སངས་རྒྱས་བརྒྱད་པ། ཤློ་ཀ་དགུ་བཅུ་རྩ་གཅིག ། འཕགས་པ་འཇམ་དཔལ་གྱིས་ཞུས་པ། ཤློ་ཀ་དགུ་བཅུ། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་གྱིས་ཞུས་པ། ཤློ་ཀ་དགུ་བཅུ། འཕགས་པ་ཆོས་ཀྱི་ཕྱག་བརྒྱ། ཤློ་ཀ་བརྒྱད་ཅུ། འཕགས་པ་ཆོས་ཀྱི་རྒྱ་མཚོ། ། ཤློ་ཀ་བརྒྱད་ཅུ། འཕགས་པ་བདུད་རྩི་བརྗོད་པ། ཤློ་ཀ་བརྒྱད་ཅུ། འཕགས་པ་གསེར་གྱི་བྱེ་མ་ལྟ་བུ། ཤློ་ཀ་བརྒྱད་ཅུ། འཕགས་པ་བདེ་བྱེད་ཀྱིས་ཤུས་པ། ཤློ་ཀ་བརྒྱད་ཅུ། འཕགས་པ་སངས་རྒྱས་བཅུ་གཉིས་པ། ཤློ་ཀ་བདུན་ཅུ་རྩ་བདུན། འཕགས་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ། ། ཤློ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས། ཤློ་ཀ་བཅུ་རྩ་བཞི། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ། ཤློ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་བྱམས་པས་ཞུས་པ། ཤློ་ཀ་བདུན་ཅུ། འཕགས་པ་དཀྱིལ་འཁོར་བརྒྱད་པ། ཤློ་ཀ་བདུན་ཅུ། འཕགས་པ་སྲིད་པ་འཕོ་བ། ཤློ་ཀ་བདུན་ཅུ། འཕགས་པ་བདེ་ལྡན་མ་ལུང་བསྟན་པ། ཤློ་ཀ་བཅུན་ཅུ། འཕགས་པ་སྒྲ་ཆེན་པོ། ། ཤློ་ཀ་དྲུག་ཅུ་རྩ་བཞི། འཕགས་པ་བཀྲ་ཤིས་བརྒྱད་པ། ཤློ་ཀ་ལྔ་བཅུ་རྩ་གཅིག ། འཕགས་པ་མཚན་མོ་བཟང་པོ། ། ཤློ་ཀ་ལྔ་བཅུ་རྩ་གཅིག ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པ། ཤློ་ཀ་བཞི་བཅུ། འཕགས་པ་ཀུན་དུ་རྒྱུ་སེན་རིངས་ཀྱིས་ཞུས་པ། ཤློ་ཀ་སུམ་ཅུ་རྩ་བདུན། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ། ཤློ་ཀ་སུམ་ཅུ་ འཕགས་པ་བྱམས་པས་ཞུས་པ་ཆུང་ངུ༌། ཤློ་ཀ་འཕགས་པ་འཇམ་དཔལ་གྱིས་བསྟན་པ། ཤློ་ཀ་ཕྱེད་དང་བཅོ་ལྔ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ། ཤློ་ཀ་བཅུ་གསུམ། འཕགས་པ་ཆོས་བཞི་བསྟན་པ། ཤློ་ཀ་བཅུ་གསུམ་འཕགས་པ་རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ། ཤློ་ཀ་བཅུ་གཅིག ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ༌། ཤློ་ཀ་བཅུ། འཕགས་པ་ཆོས་བཞི་པ། ཤློ་ཀ་བཅུ། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པ། ཤློ་ཀ་བཅུ།། །།མདོ་ཆེན་པོར་གཏོགས་པ་ལ།མོད་ཆེན་པོ་ཀུན་དུ་རྒྱུ་དང་ཀུན་དུ་རྒྱུ་མ་ཡིན་པ་དང་མཐུན་པ། ཤློ་ཀ་སུམ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་ལྔ་བཅུ། མདོ་ཆེན་པོ་སྒྱུ་མའི་དྲ་བ། ཤློ་ཀ་སུམ་བརྒྱ་བཞི་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་བཞི་བཅུ། མདོ་ཆེན་པོ་འདུས་པ་ཆེན་པོ། ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག །མདོ་ཆེན་པོ་ལྔ་གསུམ་པ། ཤློ་ཀ་ཉིས་བརྒྱ་ཉི་ཤུ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ། ། ཤློ་ཀ་བརྒྱ་བཞི་བཅུ་རྩ་ལྔ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསྡུ་བ། ཤློ་ཀ་བརྒྱ་བཞི་བཅུ། མདོ་ཆེན་པོ་སྟོང་པ་ཉིད། ཤློ་ཀ་དགུ་བཅུ། མདོ་ཆེན་པོ་རྒྱལ་མཚན་མཆོག ། ཤློ་ཀ་བརྒྱད་ཅུ། མདོ་ཆེན་པོ་རྒྱལ་མཚན་དམ་པ། ཤློ་ཀ་བཞི་བཅུ།། །།ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་ལས་བསྒྱུར་བ་ལ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། ། ཤློ་ཀ་ཁྲི་ཉིས་སྟོང་དྲུག་བརྒྱ་སྟེ་བམ་པོ་བཞི་བཅུ་རྩ་གཉིས། འཕགས་པ་མཛངས་བླུན་གྱི་མདོ། ། ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ། ། ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་ལེའུ་ཤློ་ཀ་ཉིས་སྟོང་བཞི་བརྒྱ་སྟེ་བམ་པོ་བརྒྱད། འཕགས་པ་ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལ་ལན་གྱིས་བླན་པའི་ཆོས་ཀྱི་ཡི་གེ ། ཤློ་ཀ་ཉིས་སྟོང་ཚིག་བརྒྱ་སྟེ་བམ་པོ་བདུན། འཕགས་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག ། འཕགས་པ་སངས་རྒྱས་མཛོད། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོ། བམ་པོ་ལྔ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་པ། བམ་པོ་ལྔ། འཕགས་པ་ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པ། ཤློ་ཀ་བདུན་བརྒྱ་རྩ་བཅུ་གཉིས་ཏེ། བམ་པོ་གཉིས་དང་ཤློ་ཀ་བརྒྱ་རྩ་བཅུ་གཉིས། འཕགས་པ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་བའི་ཆོས་བཞི་བསྒྲུབ་པ། ཤློ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང་ཤློ་ཀ་བརྒྱ། འཕགས་པ་གཙུག་ཏོར་ཆེན་པོ་ལས་བདུད་ཀྱི་ལེའུ་བསྟན་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། ཚངས་པའི་དྲ་བ། བམ་པོ་གཉིས། ཆོས་ཀྱི་རྒྱ་མོ། ། བམ་པོ་གཉིས། ཡོངས་སུ་བསྔོ་བའི་འཁོར་ལོ། ། བམ་པོ་གཉིས། ཕ་མའི་དྲིན་ལན་བསྟན་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །རྒྱལ་བུ་དོན་གྲུབ་ཀྱི་མདོ། ། བམ་པོ་གཅིག །སེམས་ཅན་གྱི་སྐྱེ་ཤིའི་རྩ་བ་བསྟན་པ་བམ་པོ་གཅིག ། འཕགས་པ་བྱམས་པ་ལུང་བསྟན་པ། ཤློ་ཀ་བརྒྱ་རྩ་བཅུ། དགེ་བཅུ་དང་དུ་བླང་བའི་མདོ། ། ཤློ་ཀ་བརྒྱ། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་སྣང་བ་བསྟན་པ། ཤློ་ཀ་དགུ་བཅུ། ཡང་དག་པའི་ལེགས་པའི་ཡོན་ཏན་བཤད་པ། ཤློ་ཀ་བརྒྱད་ཅུ། རྒྱལ་བུ་ཀུན་དུ་དགེ་བའི་མདོ། ། ཤློ་ཀ་བཞི་བཅུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ། ། ཤློ་ཀ་བཅུ།། །།ཐེག་པ་ཆུང་ངུའི་མདོ་སྡེ་ལ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། ཤློ་ཀ་ཁྲི་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་བཞི་བཅུ་རྩ་གསུམ་ཡན་ཆད་འགྱུར། འཕགས་པ་ལས་བརྒྱ་ཐམ་པ་ཤློ་ཀ་ཁྲི་ཆོག་སྟོང་ཆིག་བརྒྱ་སྟེ། བམ་པོ་སུམ་ཅུ་རྩ་བདུན། འཕགས་པ་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ། ཤློ་ཀ་དྲུག་སྟོང་དྲུག་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་གཉིས། གཅིག་ལས་འཕྲོས་པའི་ལུང༌། ཤློ་ཀ་ལྔ་སྟོང་བཞི་བརྒྱ་སྟེ། བམ་པོ་བཅོ་བརྒྱད། འཇིག་རྟེན་གཞག་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། རྒྱུ་གདགས་པ། བམ་པོ་བདུན། ལས་གདགས་པ་ཤློ་ཀ་སྟོང་ལྔ་བརྒྱ་སྟེ། བམ་པོ་ལྔ། བཟང་སྦྱིན་གྱི་མདོ། ། ཤློ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། རྡོ་འཕངས་པའི་མདོ། ། བམ་པོ་གཉིས། ལས་རྣམ་པར་འབྱེད་པ་ཆུང་ངུ༌། བམ་པོ་གཅིག །རི་གླང་རི་ལུང་བསྟན་པ། བམ་པོ་གཅིག །ལས་ཀྱི་རྣམ་པར་འགྱུར་བ་བསྟན་པའི་གཞུང༌། ཤློ་ཀ་ཉིས་བརྒྱ་བདུན་ཅུ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ། ཤློ་ཀ་ ཉིས་བརྒྱ་རྩ་བཅུ། ཚེའི་མཐའི་མདོ། ། ཤློ་ཀ་ཉིས་བརྒྱ་རྩ་ལྔ། སྐྱེས་བུ་དམ་པའི་མདོ། ། ཤློ་ཀ་ཉིས་བརྒྱ། ཁམས་མང་པོའི་མདོ། ། ཤློ་ཀ་ཉིས་བརྒྱ། དགའ་བ་ཅན་གྱི་མདོ། ། ཤློ་ཀ་ཉིས་བརྒྱ། གང་ཟག་གི་མདོ། ། ཤློ་ཀ་བརྒྱ། ཕག་མོའི་རྟོགས་པ་བརྗོད་པ། ཤློ་ཀ་བརྒྱ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ། ཤློ་ཀ་བརྒྱ། གསལ་རྒྱལ་གྱིས་ཚིགས་སུ་བཅད་པ། ཤློ་ཀ་བརྒྱ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། ཤློ་ཀ་བདུན་ཅུ། ཁང་བུ་བརྩེགས་པའི་མདོ། ། ཤློ་ཀ་དྲུག་ཅུ། དགའ་བོ་རབ་ཏུ་བྱུང་བའི་མདོ། ། ཤློ་ཀ་ལྔ་བཅུ། ཁྱིམ་བདག་འདུ་ཤེས་ཀྱི་མདོ། ། ཤློ་ཀ་ལྔ་བཅུ། ལྷའི་མདོ། ། ཤློ་ཀ་སུམ་ཅུ་རྩ་བདུན། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ། ། ཤློ་ཀ་སུམ་ཅུ། གསུམ་ལ་སྐྱབས་སུ་འགྲོ་བའི་མདོ། ། ཤློ་ཀ་སུམ་ཅུ། གནས་འཇོག་གི་མདོ། ། ཤློ་ཀ་ཉི་ཤུ། གཞོན་ནུ་དཔེའི་མདོ། ། ཤློ་ཀ་ཉི་ཤུ། དེ་བཞིན་གཤེགས་པའི་གཟུགས་བརྙན་གཞག་པའི་ཕན་ཡོན། ཤློ་ཀ་ཉི་ཤུ། གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟེན་པ། ཤློ་ཀ་བཅུ་བདུན། ལྷའི་མདོ་ཉུང་དུ། ཤློ་ཀ་བཅུ་བདུན། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། ། ཤློ་ཀ་བཅོ་ལྔ། མི་རྟག་པ་ཉིད་ཀྱི་མདོ། ། ཤློ་ཀ་བཅོ་ལྔ། །ཆོས་བཞི་བསྟན་པ། ཤློ་ཀ་བཅུ་གསུམ། ཆོས་བཞིའི་མདོ། ། ཤློ་ཀ་བཅུ་གསུམ། གཎྚཱིའི་མདོ། ། ཤློ་ཀ་བཅུ། ཟླ་བའི་མདོ། ། ཤློ་ཀ་བཅུ།། །། བསྟན་བཅོས་ལ་ཆེད་དུ་བརྗོད་པའི་ཚོམས། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། གནས་བརྟན་སྤྱན་དྲངས་པ། ཤློ་ཀ་ཉིས་བརྒྱ། དགྲ་བཅོམ་པ་དགེ་འདུན་འཕལ་གྱིས་ལུང་བསྟན་པ། ཤློ་ཀ་བརྒྱ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ། ཤློ་ཀ་བརྒྱ། སྦྱིན་པའི་རབས། ཤློ་ཀ་བརྒྱ། དཀྱིལ་འཁོར་དབུལ་བའི་ཕན་ཡོན་བསྟན་པ། ཤློ་ཀ་བཅོ་ལྔ། དེའི་ཚིག་ལེའུར་བྱས་པ། ཤློ་ཀ་བཅུ།། །།གསང་སྔགས་ཀྱི་རྒྱུད་ལ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ། ། ཤློ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ། བམ་པོ་ཉི་ཤུ་རྩ་དྲུག་ཡན་ཆད་འགྱུར། འཕགས་པ་རིག་པ་མཆོག ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། རྒྱུད་ཀུན་ལས་བཏུས་པ། བམ་པོ་བཅུ་གཉིས། འཕགས་པ་ལེགས་པར་གྲུབ་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། འཕགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། ཤློ་ཀ་སྟོང་དགུ་བརྒྱ་ལྔ་བཅུ་སྟེ་བམ་པོ་དྲུག་དང་ཤློ་ཀ་བརྒྱ་ལྔ་བཅུ། དེའི་བསྡུས་འགྲེལ་སློབ་དཔོན་བུ་དྡྷ་གུཔྟས་མཛད་པ། ཤློ་ཀ་ཉིས་སྟོང་སུམ་བརྒྱ་སྟེ་བམ་པོ་བདུན་དང༌། ཤློ་ཀ་ཉིས་བརྒྱ། འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཞི་བརྗིད་ཀྱི་རྒྱལ་པོའི་བརྟག་པ། ཤློ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང་ཤློ་ཀ་བརྒྱ། དེའི་འགྲེལ་པ་སློབ་དཔོན་བུདྡྷ་གུཔྟས་མཛད་པ་ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ། ཤློ་ཀ་སུམ་བརྒྱ་ལྔ་བཅུ་སྟེ་བམ་པོ་གཅིག་དང་ཤློ་ཀ་ལྔ་བཅུ། དེའི་འགྲེལ་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། འཕགས་པ་བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ། ཤློ་ཀ་བརྒྱ་རྩ་བཅུ། དེའི་འགྲེལ་པ་སློབ་དཔོན་བུདྡྷ་གུཔྟས་མཛད་པ། ཤློ་ཀ་དགུ་བརྒྱ་སྟེ། བམ་པོ་གསུམ། གཟུངས་ཆེན་པོ་ལྔ་ལ། འཕགས་པ་རྨ་བྱ་ཆེན་མོ་ཤློ་ཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང་ཤློ་ཀ་བརྒྱ། འཕགས་པ་སྟོང་ཆེན་མོ་རབ་ཏུ་འཇོམས་པ། ཤློ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། ། ཤློ་ཀ་བཞི་བརྒྱ་བཞི་བཅུ་སྟེ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་བཞི་བཅུ། འཕགས་པ་བསིལ་བའི་ཚལ་ཆེན་མོ། ། ཤློ་ཀ་ཉིས་བརྒྱ་བརྒྱད་ཅུ། འཕགས་པ་གསང་སྔགས་རྗེས་སུ་འཛིན་པ། ཤློ་ཀ་བརྒྱ་རྩ་བཞི་བཅུ།། །།གཟུངས་ཆེ་ཕྲ་སྣ་ཚོགས་ལ། འཕགས་པ་རྡོ་རྗེ་རི་རབ་ཆེན་པོའི་ཁང་པ་བརྩེགས་པ། ཤློ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང༌། ཤློ་ཀ་བརྒྱ། འཕགས་པ་ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་གནས་པ་དམ་པའི་ཆོ་ག་ཞིབ་མོ་རྒྱལ་པོའི་གཟུངས། ཤློ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་རྡོ་རྗེ་མཆུའི་གཟུངས། བམ་པོ་གཉིས། འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས། ཤློ་ཀ་སུམ་བརྒྱ་ཉི་སུ་སྟེ་བམ་པོ་གཅིག་དང༌། ཤློ་ཀ་ཉི་ཤུ། འཕགས་པ་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་བམ་པོ་གཅིག ། འཕགས་པ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ། བམ་པོ་གཅིག་ འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། ཤློ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་ལྔ། འཕགས་པ་བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་གཟུངས། ཤློ་ཀ་ཉིས་བརྒྱ་ལྔ་བཅུ། འཕགས་པ་སྟོབས་པོ་ཆེའི་གཟུངས། ཤློ་ཀ་ཉིས་བརྒྱ་ལྔ་བཅུ། འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོས་སྒྱུར་བའི་གཟུངས། ཤློ་ཀ་ཉིས་བརྒྱ་བཞི་བཅུ། འཕགས་པ་མེ་ཁ་ལའི་གཟུངས། ཤློ་ཀ་ཉིས་བརྒྱ་ཉི་ཤུ་རྩ་ལྔ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན། ཤློ་ཀ་བརྒྱ་བཞི་བཅུ་རྩ་ལྔ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག ། ཤློ་ཀ་བརྒྱ་བཞི་བཅུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ། ། ཤློ་ཀ་བརྒྱ་སུམ་ཅུ། འཕགས་པ་ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ། ཤློ་ཀ་བརྒྱ་ཉི་ཤུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ། ཤློ་ཀ་བརྒྱ་ཉི་ཤུ། འཕགས་པ་ཚེ་དཔག་ཏུ་མེད་པའི་གཟུངས། ཤློ་ཀ་བརྒྱ་རྩ་བཅུ། འཕགས་པ་སྒོ་བཟང་པོ། ། ཤློ་ཀ་བརྒྱ་རྩ་བཅུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་གཟུངས། ཤློ་ཀ་བརྒྱ་རྩ་བརྒྱད། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པ། ཤློ་ཀ་བརྒྱ། འཕགས་པ་རོ་ལངས་བདུན་པའི་གཟུངས། ཤློ་ཀ་བརྒྱད་ཅུ་རྩ་དགུ་འཕགས་པ་དྲི་མ་མེད་པའི་གཟུངས། ཤློ་ཀ་བརྒྱད་ཅུ་རྩ་བདུན། འཕགས་པ་ནོར་གྱི་རྒྱུན་གྱི་གཟུངས། ཤློ་ཀ་བརྒྱད་ཅུ་རྩ་དྲུག ། འཕགས་པ་རྒྱལ་བ་ཅན། ཤློ་ཀ་བརྒྱད་ཅུ་རྩ་གཅིག ། འཕགས་པ་ཁྱད་པར་ཅན། ཤློ་ཀ་བདུན་ཅུ་རྩ་ལྔ། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད། ཤློ་ཀ་བདུན་ཅུ། འཕགས་པ་གཟའ་རྣམས་ཀྱི་ཡུམ། ཤློ་ཀ་དྲུག་ཅུ། འཕགས་པ་གཟུངས་ཆེན་མོ། ། ཤློ་ཀ་ལྔ་བཅུ་རྩ་བདུན། འཕགས་པ་མེ་ཏོག་བརྩེགས་པ། ཤློ་ཀ་ལྔ་བཅུ་རྩ་ལྔ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ། ། ཤློ་ཀ་ལྔ་བཅུ་རྩ་ལྔ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས། ཤློ་ཀ་ལྔ་བཅུ་རྩ་བཞི། འཕགས་པ་ཀུན་དུ་བཟང་པོ།། ཤློ་ཀ་ལྔ་བཅུ་རྩ་ཕྱེད་དང་གསུམ། འཕགས་པ་སྙིང་རྗེ་མཆོག ། ཤློ་ཀ་ལྔ་བཅུ། འཕགས་པ་གསེར་ཅན། ཤློ་ཀ་ལྔ་བཅུ། འཕགས་པ་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་རིག་སྔགས། ཤློ་ཀ་ལྔ་བཅུ། འཕགས་པ་གཙུག་གི་ནོར་བུ། ཤློ་ཀ་བཞི་བཅུ་རྩ་བརྒྱད། འཕགས་པ་འགྲོ་ལྡིང་བའི་རིག་སྔགས། ཤློ་ཀ་བཞི་བཅུ་རྩ་ལྔ། འཕགས་པ་བེ་ཅོན་ཆེན་པོ། ། ཤློ་ཀ་བཞི་བཅུ་རྩ་བཞི། འཕགས་པ་ལུས་ཀྱི་དབྱིབས་མཛེས། ཤློ་ཀ་བཞི་བཅུ་རྩ་གསུམ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས། ཤློ་ཀ་བཞི་བཅུ། འཕགས་བ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ཤློ་ཀ་བཞི་བཅུ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག ། ཤློ་ཀ་བཞི་བཅུ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོ་ག་ཞིབ་མོ། ། ཤློ་ཀ་བཞི་བཅུ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད། ཤློ་ཀ་བཞི་བཅུ། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ། ཤློ་ཀ་བཞི་བཅུ། འཕགས་པ་ཚེ་དཔག་ཏུ་མེད་པ། ཤློ་ཀ་སུམ་ཅུ་རྩ་དགུ། འཕགས་པ་ཙནྡན་གྱི་ཡན་ལག ། ཤློ་ཀ་སུམ་ཅུ་རྩ་དགུ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ། ། ཤློ་ཀ་སུམ་ཅུ་རྩ་བརྒྱད། འཕགས་པ་སའི་དབང་པོ། ། ཤློ་ཀ་སུམ་ཅུ་རྩ་ཕྱེད་དང་བརྒྱད། འཕགས་པ་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན། ཤློ་ཀ་སུམ་ཅུ་རྩ་བདུན། འཕགས་པ་དབྱིག་དང་ལྡན་པ། ཤློ་ཀ་སུམ་ཅུ་རྩ་བདུན། འཕགས་པ་གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲིང་བ། ཤློ་ཀ་སུམ་ཅུ་རྩ་ལྔ། འཕགས་པ་སྤྱན་རས་གཟིགས་ཀྱི་ཡུམ། ཤློ་ཀ་སུམ་ཅུ་རྩ་དྲུག ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ། ཤློ་ཀ་སུམ་ཅུ་རྩ་ལྔ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ། ཤློ་ཀ་སུམ་ཅུ་རྩ་ལྔ། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ། ཤློ་ཀ་སུམ་ཅུ་རྩ་བཞི། འཕགས་པ་དབང་བསྐུར་བ། ཤློ་ཀ་སུམ་ཅུ་རྩ་གསུམ། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། ཤློ་ཀ་སུམ་ཅུ་རྩ་གསུམ། འཕགས་པ་མིག་རྣམ་པར་སྦྱོང་བ། ཤློ་ཀ་སུམ་ཅུ་རྩ་གཉིས། འཕགས་པ་ཧ་ ཡ་གྲཱི་བའི་གཟུངས། ཤློ་ཀ་སུམ་ཅུ། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ། ཤློ་ཀ་སུམ་ཅུ། འཕགས་པ་ལག་ན་རྡོ་རྗེའི་སྙིང་པོ། ། ཤློ་ཀ་ཉི་ཤུ་རྩ་གསུམ། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་སྙིང་པོ། ། ཤློ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་གཞང་འབྲུམ་ཞི་བར་བྱེད་པ། ཤློ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་འོད་ཟེར་ཅན། ཤློ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་དཀྱིལ་འཁོར་བརྒྱད་པ། ཤློ་ཀ་ཉི་ཤུ་རྩ་གཉིས། འཕགས་པ་དུག་སེལ་གྱི་རིག་སྔགས། ཤློ་ཀ་ཉི་ཤུ་རྩ་ཕྱེད་དང་གཉིས། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ། ཤློ་ཀ་ཉི་ཤུ་རྩ་གཅིག ། འཕགས་པ་ལག་ན་རྡོ་རྗེ་གསང་བའི་མིང་བརྒྱད་པོ། །གསང་སྔགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ། ཤློ་ཀ་ཉི་ཤུ་རྩ་གཅིག ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ། ཤློ་ཀ་ཉི་ཤུ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོ། ། ཤློ་ཀ་ཉི་ཤུ། འཕགས་པ་ཡེ་ཤེས་ཏ་ལ་ལ། ཤློ་ཀ་ཉི་ཤུ། འཕགས་པ་པརྞ་ཤ་བ་རི། ཤློ་ཀ་ཉི་ཤུ། འཕགས་པ་ཡི་དགས་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག། ཤློ་ཀ་ཉི་ཤུ། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས། ཤློ་ཀ་བཅུ་དགུ། འཕགས་པ་སྒོ་དྲུག་པ། ཤློ་ཀ་བཅོ་བརྒྱད། འཕགས་པ་མདངས་ཕྱིར་འཕྲོག་པ། ཤློ་ཀ་བཅུ་བདུན། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ། ། ཤློ་ཀ་བཅུ་དྲུག ། འཕགས་པ་མཆོད་པའི་སྤྲིན། ཤློ་ཀ་བཅུ་དྲུག ། འཕགས་པ་ལས་ཀྱི་སྒྲིབ་ཐམས་ཅད་རྣམ་པར་སྦྱོང་བ། ཤློ་ཀ་བཅོ་ལྔ། འཕགས་པ་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ། ཤློ་ཀ་བཅོ་ལྔ། འཕགས་པ་མི་རྒོད་རྣམ་པར་འཇོམས་པ། ཤློ་ཀ་བཅོ་ལྔ། འཕགས་པ་ནོར་བུ་བཟང་པོའི་སྙིང་པོ་ཤློ་ཀ་བཅོ་ལྔ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་པོ། ། ཤློ་ཀ་བཅུ་བཞི། འཕགས་པ་ཕྱིར་བཟློག་པ་སྟོབས་ཅན། ཤློ་ཀ་བཅུ་གསུམ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཤློ་ཀ་བཅུ་གསུམ། འཕགས་པ་བུ་མང་པོ་བཏོན་པ། ཤློ་ཀ་བཅུ་གསུམ། འཕགས་པ་ལྷ་མོ་ནག་མོའི་གཟུངས། ཤློ་ཀ་བཅུ་གསུམ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཤློ་ཀ་བཅུ་གཉིས། འཕགས་པ་དཔལ་ཆེན་པོའི་མདོ། ། ཤློ་ཀ་བཅུ་གཅིག ། འཕགས་པ་བགེགས་སེལ་བའི་མདོ། ། ཤློ་ཀ་བཅུ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བ། ཤློ་ཀ་བཅུ། འཕགས་པ་ནོར་བུ་བཟང་པོའི་སྙིང་པོ། ། ཤློ་ཀ་བཅུ་འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས། ཤློ་ཀ་བཅུ། འཕགས་པ་འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས། ཤློ་ཀ་བཅུ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ། ཤློ་ཀ་དགུ། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཤློ་ཀ་བརྒྱད། འཕགས་པ་དཔལ་ཆེན་མོའི་མིང་བཅུ་གཉིས་པ། ཤློ་ཀ་བརྒྱད། འཕགས་པ་སྟོང་འགྱུར་གྱི་གཟུངས། ཤློ་ཀ་བདུན། འཕགས་པ་ནག་པོ་ཆེན་པོའི་གཟུངས། ཤློ་ཀ་ཕྱེད་དང་བདུན། འཕགས་པ་ཤེས་རབ་ཀྱི་བློ་འཕེལ་བའི་གཟུངས། ཤློ་ཀ་ལྔ།། །།མཚན་རྒྱ་རྩ་བརྒྱད་ལ། སངས་རྒྱས་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་བརྒྱད་དང་བཅས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཤློ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ཕན་ཡོན་དང་བཅས་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག ། འཕགས་པ་ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་བཞི་བཅུ། འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་བཞི་བཅུ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་བཞི་བཅུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་སུམ་ཅུ། འཕགས་པ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་ཉི་ཤུ། འཕགས་པ་ལྷ་མོ་ནོར་གྱི་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ། ཤློ་ཀ་ཉི་ཤུ།། །། བསྟོད་པ་སྣ་ཚོགས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསམ་གྱིས་མི་ཁྱབ་པར་བསྟོད་པ། ཤློ་ཀ་ལྔ་བཅུ། དཔེ་མེད་པར་བསྟོད་པ། ཤློ་ཀ་ཉི་ཤུ་རྩ་ལྔ། འཇིག་རྟེན་ལས་འདས་པར་བསྟོད་པ། ཤློ་ཀ་ཉི་ཤུ་རྩ་གཉིས། བསྟོད་པ་ལས་འདས་པར་བསྟོད་པ། ཤློ་ཀ་བཅོ་བརྒྱད། དོན་དམ་པར་བསྟོད་པ། ཤློ་ཀ་བཅུ། སྐུ་གསུམ་ལ་བསྟོད་པ། ཤློ་ཀ་དགུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའི་ཚིག་གི་སྡེབ་སྦྱོར་ སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཛད་པ། ཤློ་ཀ་བཞི་བཅུ། དེ་བཞིན་གཤེགས་པ་ལ་ཡོན་ཏན་མུ་མེད་པར་བསྟོད་པ། སློབ་དཔོན་རཏྞ་ཊ་པས་མཛད་པ། ཤློ་ཀ་བཞི་བཅུ། འཕགས་པ་ལྷ་མོ་སྒྲོལ་མ་འཇིགས་པ་ཐམས་ཅད་ལས་སྒྲོལ་བར་བསྟོད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཤློ་ཀ་བཞི་བཅུ། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པས་བསྔགས་པ། ཤློ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། སངས་རྒྱས་བཅོམ་ལྡན་འདས་ལ་གསང་བའི་གནས་སུ་བསྟོད་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལ་སྤོབས་པ་སྐྱེས་པ། ཤློ་ཀ་བརྒྱ་ལྔ་བཅུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེ་འཛིན་རྣམས་ཀྱིས་བསྟོད་པ། ཤློ་ཀ་དྲུག་ཅུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ན་རྡོ་རྗེ་འཛིན་རྣམས་ཀྱིས་བསྟོད་པ། ཤློ་ཀ་ཉི་ཤུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྙིང་རྗེའི་བསྟོད་པ། ཤློ་ཀ་བཅོ་ལྔ། འཕགས་པ་གནོད་འཛིན་ལ་བསྟོད་པ། རྒྱལ་པོ་ཤི་ཝི་ཀྲ་མ་ཨ་དཱི་ཪྻས་མཛད་པ། ཤློ་ཀ་སུམ་ཅུ། ནད་ཀྱི་བདག་མོ་ལ་བསྟོད་པ་བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པ། ཤློ་ཀ་སུམ་ཅུ། ལྷ་མོ་ནམ་གྲུ་ལ་བསྟོད་པ། ཤློ་ཀ་བཅོ་ལྔ།། །།སྨོན་ལམ་སྣ་ཚོགས་ལ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ། ཤློ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། འཕགས་པ་ནོར་བུ་རིན་པོ་ཆེ་དགེ་བ་བརྟན་པ་ཡོངས་སུ་བསྔོ་བའི་རྒྱལ་པོ། ། ཤློ་ཀ་བརྒྱ་སུམ་ཅུ། འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བསྔོ་བ། ཤློ་ཀ་ལྔ་བཅུ། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བ། ཤློ་ཀ་བཞི་བཅུ། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། ཤློ་ཀ་བརྒྱ་སུམ་ཅུ། འཕགས་པ་བྱམས་པའི་སྨོན་ལམ། ཤློ་ཀ་སུམ་ཅུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། ། ཤློ་ཀ་དགུ་བཅུ་རྩ་བདུན། འཕགས་པ་སྨོན་ལམ་བདུན་ཅུ་པ། ཤློ་ཀ་བརྒྱད་ཅུ་རྩ་གསུམ། མཆོག་གི་སྤྱོད་པའི་སྨོན་ལམ། ཤློ་ཀ་ཉི་ཤུ་རྩ་གསུམ། རིན་པོ་ཆེ་ཕྲེང་བའི་སྨོན་ལམ། ཤློ་ཀ་བཅོ་བརྒྱད། བྱང་ཆུབ་དམ་པའི་སྨོན་ལམ། ཤློ་ཀ་ཕྱེད་དང་བཅུ་བཞི། བྱང་ཆུབ་དམ་པའི་རྗེས་སུ་མོས་པའི་སྨོན་ལམ། ཤློ་ཀ་བཅུ་ཐམ་པ།། །། བཀྲ་ཤིས་ཀྱི་རྣམ་གྲངས་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཆེན་པོ་ཤློ་ཀ་སུམ་ཅུ། ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། ཤློ་ཀ་ལྔ་བཅུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཤློ་ཀ་ཉི་ཤུ་རྩ་དྲུག ། བཀྲ་ཤིས་སུ་བྱའི་ཚིགས་སུ་བཅད་པ། ཤློ་ཀ་བཅུ་བདུན། བདེ་ལེགས་ཀྱི་ཚིགས་སུ་བཅད་པ། ཤློ་ཀ་སུམ་ཅུ་རྩ་ཕྱེད་དང་ལྔ། ཡང་བདེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་པ། ཤློ་ཀ་བཅུ་གཉིས། ཡང་བདེ་ལེགས་སུ་གྱུར་བའི་ཚིགས་སུ་བཅད་པ། ཤློ་ཀ་དགུ།། །། འདུལ་བའི་སྡེ་སྣོད་ལ། འདུལ་བ་ལུང་གཞི། ཤློ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་སྟེ་བམ་པོ་བརྒྱ་རྩ་དགུ། འདུལ་བ་རྣམ་པར་འབྱེད་པ། ཤློ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་སྟེ། བམ་པོ་བརྒྱད་ཅུ་རྩ་གསུམ། འདུལ་བ་ཕྲན་ཚེགས་ཀྱི་གཞི། ཤློ་ཀ་ཉི་ཁྲི་བཞི་སྟོང་དྲུག་བརྒྱ་སྟེ་བམ་པོ་བཞི་བཅུ་རྩ་གཉིས། འདུལ་བ་གཞུང་བླ་མ། ཤློ་ཀ་ཁྲི་དྲུག་སྟོང་ཉིས་བརྒྱ་སྟེ་བམ་པོ་ལྔ་བཅུ་རྩ་བཞི། འདུལ་བ་ཞུས་ལན། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག་ཡན་ཆད་འགྱུར། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ཤློ་ཀ་བདུན་སྟོང་བཞི་བརྒྱ་སྟེ་བམ་པོ་ཉི་ཤུ་རྩ་བཞི་དང༌། ཤློ་ཀ་ཉིས་བརྒྱ། དགེ་སློང་ཕའི་སོ་སོར་ཐར་བའི་ལམ། ། ཤློ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང༌། ཤློ་ཀ་བརྒྱ། དགེ་སློང་མའི་སོ་སོར་ཐར་བའི་མདོ། ། ཤློ་ཀ་བརྒྱད་བརྒྱ་སྟེ། བམ་པོ་གཉིས་དང་ཤློ་ཀ་ཉིས་བརྒྱ། འདུལ་བ་མདོ། ། ཤློ་ཀ་ཉིས་སྟོང་བདུན་བརྒྱ་སྟེ་བམ་པོ་དགུ། ལས་བརྒྱ་རྩ་གཅིག་པ། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། འདུལ་བ་བསྡུས་པ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། འདུལ་བ་བཞིའི་རྒྱ་ཆེར་འགྲེལ་བ། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག ། འདུལ་བ་རྣམ་པར་འབྱེད་པའི་ཚིག་གི་བཤད་པ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། འདུལ་བ་ཕྲན་ཚེགས་འགྲེལ་བ། ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། འདུལ་བ་གཞུང་བླ་མའི་རྒྱ་ཆེར་འགྲེལ་བ། ཤློ་ཀ་དྲུག་སྟོང་སྟེ་བམ་པོ་ཉི་ཤུ། སོ་སོར་ཐར་བའི་རྒྱ་ཆེར་འགྲེལ་བ་ཆེན་པོ། ། ཤློ་ཀ་སུམ་ཁྲི་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བརྒྱ་རྩ་བཅུ་གཉིས། སོ་སོར་ཐར་བའི་རྒྱ་ཆེར་འགྲེལ་པ། འདུལ་ བ་ཀུན་ལས་བཏུས་པ། ཤློ་ཀ་ཁྲི་ལྔ་སྟོང་སྟེ། བམ་པོ་ལྔ་བཅུ། སོ་སོར་ཐར་བའི་གཞུང་འགྲེལ། ཤློ་ཀ་བརྒྱས་སྟོང་ཆིག་བརྒྱ་སྟེ་བམ་པོ་ཉི་ཤུ་རྩ་བདུན། ཡང་སོ་སོར་ཐར་པའི་འགྲེལ་བ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། སོ་སོར་ཐར་བའི་ཚིག་གི་བརྗེད་བྱང༌། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། ཤློ་ཀ་ཉི་ཁྲི་ཆིག་སྟོང་སྟེ་བམ་པོ་བདུན་ཅུ།། །།ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། ཤློ་ཀ་ལྔ་བཅུ། ཚིག་ལེའུར་བྱས་པ་སུམ་བརྒྱ་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །སུམ་བརྒྱ་བའི་རྒྱ་ཆེར་འགྲེལ་པ་འོད་ལྡན། ཤློ་ཀ་ཉིས་སྟོང་བཞི་བརྒྱ་སྟེ་བམ་པོ་བརྒྱད། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ། ཤློ་ཀ་བརྒྱ། འདུལ་བ་དྲི་བའི་ཚིག་གི་རྒྱ་ཆེར་བཤད་པ། ཤློ་ཀ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི་སྟེ་བམ་པོ་ལྔ་དང་ཤློ་ཀ་བརྒྱ་དྲུག་ཅུ་རྩ་བཞི། སྡེ་པ་བཅོ་བརྒྱད་ཀྱི་མིང་དང་རིམ་པ། སློབ་དཔོན་དུལ་བའི་ལྷས་མཛད་པ། ཤློ་ཀ་དྲུག་ཅུ་རྩ་ལྔ། གཞུང་ཐ་དད་པ་བཀླག་པའི་འཁོར་ལོ་ལས་སྡེ་པ་ཐ་དད་པ་བསྟན་པ། སློབ་དཔོན་དབྱིག་པ་ཤེས་ཀྱིས་མཛད་པ། ཤློ་ཀ་ལྔ་བཅུ།དགེ་སློང་གི་ཚུལ། མཁན་པོ་བོ་དྷི་ས་ཏྭས་མཛད་པ། ཤློ་ཀ་ལྔ་བཅུ། མ་བྱིན་པར་ལེན་པའི་སྐབས་ན། མཁན་པོ་བཞིས་དཔྱད་པ་ཤློ་ཀ་ཉི་ཤུ།། །།ཐེག་པ་ཆེན་པོའི་མདོ་སྡེའི་ཏཱི་ཀཱ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་འགྲེལ་པ་ཆེན་པོ། ། ཤློ་ཀ་ཉི་ཁྲི་སུམ་སྟོང་བཞི་བརྒྱ་སྟེ་བམ་པོ་བདུན་ཅུ་རྩ་བརྒྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་འབུམ་དང་ཉི་ཁྲི་ལྔ་སྟོང་དང༌། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་ཤློ་ཀ་བརྒྱད་སྟོང་ཆིག་རྒྱ་སྟེ་བམ་པོ་ཉི་ཤུ་རྩ་བདུན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ། མངོན་པར་རྟོགས་པའི་རྒྱན། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། མངོན་པར་རྟོགས་པའི་རྒྱན་གྱི་རྒྱ་ཆེར་འགྲེལ་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། འཕགས་པ་སྡུད་པའི་ཚིགས་སུ་བཅད་པའི་འགྲེལ་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ། བམ་པོ་དྲུག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་བའི་འགྲེལ་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། ཡང་བདུན་བརྒྱ་བའི་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག །ཡང་བདུན་བརྒྱ་བའི་འགྲེལ་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། ཡང་བདུན་བརྒྱ་བའི་བཤད་པ། སློབ་དཔོན་ཛཉཱ་ན་མི་ཏྲས་མཛད་པ། ཤློ་ཀ་བརྒྱ། ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ། སློབ་དཔོན་ཛྙཱ་ཉ་མི་ཏྲས་མཛད་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། ཡང་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་གསང་སྔགས་ཀྱི་ཚུལ་དུ་བཤད་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་པ།སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤློ་ཀ་སྟོང་ལ་བརྒྱ་སྟེ། བམ་པོ་ལྔ། ཡང་རྡོ་རྗེ་གཅོད་པའི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཤློ་ཀ་དྲུག་བརྒྱ་སྟེ། བམ་པོ་གཉིས། ཡང་རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ། ཤློ་ཀ་དྲུག་བརྒྱ་ལྔ་བཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་ལྔ་བཅུ། ཡང་རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ་ཚིག་ལེའུར་བྱས། ཤློ་ཀ་སུམ་ཅུ་རྩ་བདུན། འཕགས་པ་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་ཊཱི་ཀཱ་ཆེན་པོ། ཤློ་ཀ་ཁྲི་བརྒྱད་སྟོང་སྟེ་བམ་པོ་དྲུག་ཅུ། ཡང་དགོངས་པ་ངེས་པར་འགྲེལ་བའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ། ཤློ་ཀ་ཁྲི་ཉིས་སྟོང་སྟེ་བམ་པོ་བཞི་བཅུ། ཡང་དགོངས་པ་ངེས་པར་འགྲེལ་བའི་བྱམས་པའི་ལེའུ་ཉི་ཚེ་བཤད་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། ཤློ་ཀ་དྲུག་བརྒྱ་བདུན་ཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་བདུན་ཅུ། ཡང་དགོངས་པ་ངེས་པར་འགྲེལ་པའི་བསྡུས་འགྲེལ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །ཡང་དགོངས་པ་ངེས་པར་འགྲེལ་བའི་བཤད་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། ཤློ་ཀ་ཉིས་བརྒྱ་ཉི་ཤུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆོས་ཉིད་ཟབ་མོའི་འགྲེལ་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་འགྲེལ་པ། ཤློ་ཀ་དྲུག་སྟོང་སྟེ་བམ་པོ་ཉི་ཤུ། འཕགས་པས་བཅུ་བའི་རྣམ་པར་བཤད་པ། ཤློ་ཀ་བཞི་སྟོང་ཉིས་བརྒྱ་དྲུག་ཅུ་སྟེ་བམ་པོ་བཅུ་བཞི་དང་ ཤློ་ཀ་དྲུག་ཅུ། ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། ས་བཅུ་བའི་གླེང་གཞིའི་བཤད་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །ས་བཅུ་པའི་དོན་བསྡུས་པ། ཤློ་ཀ་ལྔ་བཅུ། འཕགས་པ་པུཎྜ་རཱི་ཀའི་དོན་བསྡུས་པ། ཤློ་ཀ་བརྒྱ། འཕགས་པ་ག་ཡ་མ་གོ་རིའི་མདོའི་རྣམ་པར་བཤད་པ། ཤློ་ཀ་བརྒྱ་སུམ་ཅུ། འཕགས་པ་ག་ཡ་མགོ་རིའི་མདོ་དང་སྤེལ་མར་བཤད་པ། ཤློ་ཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང་ཤློ་ཀ་བརྒྱ། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། སློབ་དཔོན་དང་ཚུལ་བཟང་པོས་མཛད་པ། ཤློ་ཀ་དགུ་བརྒྱ་བཞི་བཅུ་སྟེ་བམ་པོ་གསུམ་དང་ཤློ་ཀ་བཞི་བཅུ། སངས་རྒྱས་ཀྱིས་ལས་ཚིག་གི་དོན་བསྡུས་པ། ཤློ་ཀ་བརྒྱད་ཅུ། འཕགས་པ་དཀོན་མཆོག་བརྩེགས་པའི་འོད་སྲུངས་ཀྱི་ལེའུའི་འགྲེལ་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་འགྲེལ་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ། བམ་པོ་བདུན། འཕགས་པ་སཱ་ལུ་ལྗང་བའི་རྒྱ་ཆེར་འགྲེལ་པ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་སྟེ། བམ་པོ་གཅིག་དང་ཤློ་ཀ་བརྒྱ་ལྔ་བཅུ། སཱ་ལུ་ལྗང་བའི་མདོ་ཚིགས་བཅད་དུ་བསྡུས་པའི་འགྲེལ་པ།སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། འཕགས་པ་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ཤློ་ཀ་སྟོང་སུམ་བརྒྱ་རྩ་བཅོ་ལྔ་སྟེ་བམ་པོ་བཞི་དང༌། ཤློ་ཀ་བརྒྱ་རྩ་བཅོ་ལྔ། སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ། ཤློ་ཀ་བརྒྱ་དགུ་བཅུ། འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་རྩ་དྲུག་སྟེ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་ལྔ་བཅུ་རྩ་དྲུག །ཡང་སྒོ་དྲུག་པའི་གཟུངས་ཀྱི་བཤད་པ། ཤློ་ཀ་སུམ་ཅུ་རྩ་གཅིག ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ་གསུམ་ལ། ཤློ་ཀ་དྲུག་བརྒྱ་སུམ་ཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་སུམ་ཅུ། འཕགས་པ་ཆོས་བཞི་པའི་རྒྱ་ཆེར་འགྲེལ་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ་ཤློ་ཀ་སུམ་ཅུ། ཡང་ཆོས་བཞི་པའི་བཤད་པ། ཤློ་ཀ་ཉི་ཤུ་རྩ་བཞི། འཕགས་པ་ཚིགས་སུ་བཅད་པ་གཉིས་པའི་འགྲེལ་པ། ཤློ་ཀ་ཉིས་བརྒྱ། འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཤཱ་ཀྱ་བཤེས་གཉེན་གྱིས་མཛད་པ། ཤློ་ཀ་བརྒྱད་བརྒྱ་སྟེ་བམ་པོ་གཉིས་དང༌། ཤློ་ཀ་ཉིས་བརྒྱ། ཡང་བཟང་པོ་སྤྱོད་པའི་བཤད་སྦྱར། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཤློ་ཀ་ལྔ་བརྒྱ་སྟེ་བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། ཡང་བཟང་པོ་སྤྱོད་པའི་འགྲེལ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་སྟེ་བམ་པོ་ཕྱེད་དང་གཉིས། བཟང་པོ་སྤྱོད་པའི་འགྲེལ་པ། སློབ་དཔོན་རྒྱན་བཟང་པོས་མཛད་པ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་སྟེ་བམ་པོ་ཕྱེད་དང་གཉིས། ཡང་བཟང་པོ་སྤྱོད་པའི་འགྲེལ་པ་རྣམ་པ་བཞི་ཀ་ལས་བཏུས་ཏེ་བརྗེད་བྱང་དུ་བགྱིས་པ་མཁན་པོ་ཡེ་ཤེས་སྡེས་མཛད་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། དགོངས་པ་བཞི་དང༌། ལྡེམ་པོར་དགོངས་པ་བཞི་བཤད་པའི་བརྗེད་བྱང༌། མཁན་པོ་ཡེ་ཤེས་སྡེས་མཛད་པ། ཤློ་ཀ་ཉིས་བརྒྱ།། །།མདོ་སྡེའི་ཊཱི་ཀཱ་རྒྱ་ལས་བསྒྱུར་བ་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་ཊཱི་ཀཱ་ཆེན་པོ། ། ཤློ་ཀ་ཁྲི་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན་ཅུ་རྩ་བཞི། ཡང་དགོངས་པ་ངེས་པར་འགྲེལ་པའི་ཊཱི་ཀཱ ། ཤློ་ཀ་ཉིས་སྟོང་བདུན་རྒྱ་སྟེ་བམ་པོ་དགུ། འཕགས་པ་པུཎྜ་རཱི་ཀའི་འགྲེལ་པ་རྒྱ་ལས་བསྒྱུར་བ། ཤློ་ཀ་དྲུག་སྟོང་སྟེ་བམ་པོ་ཉི་ཤུ། འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་ཆེན་པོ་རྒྱ་ལས་བསྒྱུར་བ། ཤློ་ཀ་ཁྲི་ཉིས་སྟོང་སྟེ་བམ་པོ་བཞི་བཅུ། ཡང་ལང་ཀར་གཤེགས་པའི་འགྲེལ་པ། ཤློ་ཀ་བདུན་བརྒྱ་དྲུག་ཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་དྲུག་ཅུ། ཡང་ལང་ཀར་གཤེགས་པའི་འགྲེལ་པ་བིན་ཏར་ཏ་ལི་ལས་བསྒྱུར་བ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། འཕགས་པ་རྡོ་རྗེ་གཅོང་པའི་འགྲེལ་པ། རྒྱ་ལས་བསྒྱུར་བ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། ཆོས་ཀྱི་རྒྱ་མོའི་བཤད་པ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི།། །།དབུ་མའི་བསྟན་བཅོས་ལ། དབུ་ མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་སྟེ་བམ་པོ་གཅིག་དང༌། ཤློ་ཀ་བརྒྱ་བཞི་བཅུ་རྩ་དགུ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ། ཤློ་ཀ་དྲུག་སྟོང་སྟེ་བམ་པོ་ཉི་ཤུ། ཤེས་རབ་སྒྲོན་མའི་རྒྱ་ཆེར་བཤད་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། ཤློ་ཀ་ཉི་ཁྲི་བཞི་སྟོང་སྟེ་བམ་པོ་བརྒྱད་ཅུ། ཡང་དབུ་མ་རྩ་བའི་འགྲེལ་པ། སློབ་དཔོན་བུདྡྷ་པཱ་ལི་ཏས་མཛད་པ། ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། ཡང་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིག་མེད། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། ཤློ་ཀ་བརྒྱ། དབུ་མ་རྒྱན་གྱི་འགྲེལ་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། དབུ་མ་རྒྱན་གྱི་དཀའ་འགྲེལ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། ཤློ་ཀ་སུམ་ཅུ་རྩ་བདུན། བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ། ཤློ་ཀ་སུམ་རྒྱ་སྟེ་བམ་པོ་གཅིག ། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། དབུ་མ་དེ་ཁོ་ན་ཉིད་སྣང་བ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། དབུ་མ་སྣང་བ། ཤློ་ཀ་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་དགུ། དེ་ཁོ་ན་ཉིད་ལ་འཇུག་པའི་རབ་ཏུ་བྱེད་པ། ཤློ་ཀ་སུམ་ཅུ། དེ་ཁོ་ན་ལ་འཇུག་པའི་འགྲེལ་པ། ཤློ་ཀ་ཉིས་བརྒྱ། དེ་ཁོ་ན་ཉིད་ལ་རྩོད་པ་བཟློག་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། ཤློ་ཀ་བདུན་ཅུ། རྩོད་པ་བཟློག་པའི་འགྲེལ་པ། ཤློ་ཀ་བཞི་བརྒྱ་སྟེ་བམ་པོ་གཅིག་དང༌། ཤློ་ཀ་བརྒྱ། རིགས་པ་དྲུག་ཅུ་བའི་ཚིག་ལེའུར་བྱས་པ། ཤློ་ཀ་དྲུག་ཅུ་རྩ་གཉིས། རིགས་པ་དྲུག་ཅུ་བའི་འགྲེལ་པ། ཤློ་ཀ་བདུན་བརྒྱ་དྲུག་ཅུ་སྟེ་བམ་པོ་གཉིས་དང༌། ཤློ་ཀ་བརྒྱ་དྲུག་ཅུ། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ། ཤློ་ཀ་བདུན་ཅུ་རྩ་བཞི། སྟོང་པ་ཉིད་བདུན་ཅུ་བའི་འགྲེལ་པ། ཤློ་ཀ་ཉིས་བརྒྱ་བརྒྱད་ཅུ། སྟོང་པ་ཉིད་ཀྱི་སྒོ་བཅུ་གཉིས་པ་རྩ་བ་དང་འགྲེལ་པར་བཅས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པའི་ཚིག་ལེའུར་བྱས་པ་དང༌། དེའི་རྣམ་པར་བཤད་པ། ཤློ་ཀ་ལྔ་བཅུ་རྩ་བཞི། ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། ཤློ་ཀ་ལྔ། ལག་པའི་ཚད་ཀྱི་འགྲེལ་པ་ཤློ་ཀ་ལྔ། ལག་པའི་ཚད་ཀྱི་འགྲེལ་པ། ཤློ་ཀ་ཉི་ཤུ། ཡང་ལག་པའི་ཆད་ཀྱི་འགྲེལ་པ། ཤློ་ཀ་བདུན་ཅུ། བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ། ཤློ་ཀ་ཉིས་བརྒྱ། དབུ་མའི་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ། ཤློ་ཀ་བརྒྱད་ཅུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤློ་ཀ་ལྔ་བརྒྱ་སྟེ་བམ་པོ་གཅིག་དང། ཤློ་ཀ་ཉིས་བརྒྱ། སྐུ་གསུམ་ལ་འཇུག་པའི་ཚིག་ལེའུར་བྱས་པ། ཤློ་ཀ་བརྒྱ་ལྔ་བཅུ་རྩ་དྲུག །སྐུ་གསུམ་ལ་འཇུག་པའི་འགྲེལ་པ། ཤློ་ཀ་བདུན་བརྒྱ་ལྔ་བཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་ལྔ་བཅུ།། །། བསམ་གཏན་གྱི་ཡི་གེ་ལ། བསྒོམ་པའི་རིམ་པ་རྣམ་པ་གསུམ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། བསྒོམ་པའི་རིམ་པ་སློབ་དཔོན་བ་ཛྲ་ཀཱི་རྟིས་མཛད་པ། བམ་པོ་གཅིག །ཡང་བསྒོམ་པའི་རིམ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། བམ་པ་གཅིག །བྱང་ཆུབ་ཀྱི་སེམས་བསྒོམ་པ་སློབ་དཔོན་རྒྱལ་བའི་འོད་ཀྱིས་མཛད་པ། ཤློ་ཀ་བརྒྱ། ཡང་བྱང་ཆུབ་ཀྱི་སེམས་བསྒོམ་པ། སློབ་དཔོན་མཉྫུ་ཤྲཱི་མི་ཏྲས་མཛད་པ། ཤློ་ཀ་དྲུག་ཅུ་རྩ་བརྒྱད། བསྒོམ་པའི་སྒོ་བསྟན་པ། སློབ་དཔོན་ཀ་ལ་ཡ་ན་ཝརྨས་མཛད་པ། ཤློ་ཀ་དྲུག་ཅུ་རྩ་བདུན། བསྒོམ་པའི་རིམ་པ།སློབ་དཔོན་དྷ་རྨམ་ཏིས་མཛད་པ་ཤློ་ཀ་སུམ་ཅུ། བསམ་གཏན་གྱི་ཡི་གེ་རྒྱ་ལས་བསྒྱུར་བ། སློབ་དཔོན་བོ་དྷི་དྷ་རྨ་ཏ་རས་མཛད་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ།། །།རྣམ་པར་ཤེས་པའི་བསྟན་བཅོས་ལ། རྣལ་འབྱོར་སྤྱོད་པའི་ས་ལས། ས་མང་པོ་བ་ཤློ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ་བམ་པོ་ཉི་ཤུ་རྩ་དྲུག །གཞི་བསྡུ་བ། ཤློ་ཀ་ལྔ་སྟོང་བདུན་བརྒྱ་དགུ་བཅུ་སྟེ་བམ་པོ་བཅུ་དགུ་དང་ཤློ་ཀ་དགུ་བཅུ། རྣམ་གྲངས་བསྡུ་བ། ཤློ་ཀ་བདུན་བརྒྱ་ཉི་ཤུ་རྩ་ལྔ་སྟེ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་ཉི་ཤུ་རྩ་ལྔ། ཉན་ཐོས་ཀྱི་ས། ཤློ་ཀ་ལྔ་སྟོང་བཞི་བརྒྱ་སྟེ་བམ་པོ་བཅོ་ བརྒྱད། བྱང་ཆུབ་སེམས་དཔའི་ས། ཤློ་ཀ་དྲུག་སྟོང་ཆིག་བརྒྱ་ལྔ་བཅུ་སྟེ་བམ་པོ་ཉི་ཤུ་དང་ཤློ་ཀ་བརྒྱ་ལྔ་བཅུ། རྣམ་པར་བཤད་པའི་སྒོ་བསྡུ་བ་ཤློ་ཀ་ལྔ་བཅུ་སྟེ་བམ་པོ་གཅིག་དང༌། ཤློ་ཀ་ཉིས་བརྒྱ་ལྔ་བཅུ། རྣམ་པར་གཏན་ལ་དབབ་པ་བསྡུ་བ། ཤློ་ཀ་ཁྲི་ཆིག་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་སྟེ་བམ་པོ་སུམ་ཅུ་རྩ་བརྒྱད་དང༌། ཤློ་ཀ་བརྒྱ་ཉི་ཤུ་རྩ་ལྔ། ས་མང་པོའི་རྒྱ་ཆེ་ར་བཤད་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ། སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ། ཤློ་ཀ་དྲུག་སྟོང་སྟེ་བམ་པོ་ཉི་ཤུ། རྣལ་འབྱོར་སྤྱོད་པའི་ས་ལས་དགོངས་པ་ངེས་པར་འགྲེལ་བ་ལེའུ་ཉི་ཚེ་བཤད་པ་ལོགས་སུ་ཕྱུང་བ། ཤློ་ཀ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་སྟེ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་རྩ་ལྔ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ཉི་ཚེ་བཤད་པ་ལོགས་སུ་ཕྱུང་བ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། དེའི་རྒྱ་ཆེར་བཤད་པ་ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། འདུལ་བ་བསྡུས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། ཐེག་པ་ཆེན་པོ་བསྡུས་པ། ཤློ་ཀ་སྟོང་ཆིག་བརྒྱ་བདུན་ཅུ་སྟེ་བམ་པོ་གསུམ་དང་ཤློ་ཀ་ཉིས་བརྒྱ་བདུན་ཅུ། ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། ཤློ་ཀ་སུམ་སྟོང་སུམ་ཅུ་སྟེ་བམ་པོ་བཅུ་དང་ཤློ་ཀ་སུམ་ཅུ། དོན་གསང་བ་བསྡུས་པ། ཤློ་ཀ་བཞི་སྟོང་ཉིས་བརྒྱ་སྟེ་བམ་པོ་བཅུ་བཞི། ཆོས་མངོན་པ་ཀུན་ལས་བཏུས་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག །དེའི་འགྲེལ་པ། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག །མདོ་སྡེ་རྒྱན་གྱི་ཚིག་ལེའུར་བྱས་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། མདོ་སྡེ་རྒྱན་གྱི་བཤད་པ། ཤློ་ཀ་སུམ་སྟོང་ཉིས་བརྒྱ་བདུན་ཅུ་སྟེ་བམ་པོ་བཅུ་དང༌། ཤློ་ཀ་ཉིས་བརྒྱ་བདུན་ཅུ། མདོ་སྡེ་རྒྱན་གྱི་འགྲེལ་བཤད། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། ཤློ་ཀ་བདུན་ཅུ། དེའི་འགྲེལ་པ། ཤློ་ཀ་དྲུག་བརྒྱ་བཞི་བཅུ་སྟེ་བམ་པོ་གཉིས་དང་ཤློ་ཀ་བཞི་བཅུ། དེའི་འགྲེལ་བཤད། ཤློ་ཀ་སུམ་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅུ་གཅིག་དང༌། ཤློ་ཀ་ཉིས་བརྒྱ། ཕུང་པོ་ལྔའི་རབ་ཏུ་བྱེད་པའི་ཤློ་ཀ་བརྒྱ་སུམ་ཅུ་རྩ་གཉིས།ཕུང་པོ་ལྔའི་རྣམ་པར་བཤད་པ། ཤློ་ཀ་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་གཅིག་སྟེ་བམ་པོ་ལྔ་དང༌། ཤློ་ཀ་སུམ་སྟོང་ལྔ་བཅུ་རྩ་གཅིག །ཕུང་པོ་ལྔའི་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཤློ་ཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང༌། ཤློ་ཀ་བརྒྱ། ཕུང་པོ་ལྔའི་བཤད་པ།སློང་དཔོན་སའི་རྩ་ལག་གིས་མཛད་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། ཕུང་པོ་ལྔའི་འགྲེལ་པ། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། སུམ་ཅུ་པའི་རབ་ཏུ་བྱེད་པ། ཤློ་ཀ་སུམ་ཅུ། སུམ་ཅུ་པའི་འགྲེལ་པ། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། ཤློ་ཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང༌། ཤློ་ཀ་བརྒྱ། སུམ་ཅུ་བའི་འགྲེལ་བཤད། ཤློ་ཀ་སྟོང་ལྔ་བརྒྱ་བདུན་ཅུ་རྩ་ལྔ་སྟེ་བམ་པོ་ལྔ་དང་ཤློ་ཀ་བདུན་ཅུ་རྩ་ལྔ། ཉི་ཤུ་བའི་རབ་ཏུ་བྱེད་པ། ཤློ་ཀ་ཉི་ཤུ། ཉི་ཤུ་བའི་འགྲེལ་པ། ཤློ་ཀ་བརྒྱ་སུམ་ཅུ། ཉི་ཤུ་པའི་འགྲེལ་བཤད། ཤློ་ཀ་བདུན་བརྒྱ་ལྔ་བཅུ་སྟེ་བམ་པོ་ཕྱེད་དང་གསུམ། རྣམ་པར་བཤད་པའི་རིགས་པ། ཤློ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་བཅུ། རྣམ་པར་བཤད་པའི་རིགས་པའི་འགྲེལ་པ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། ལས་བསྒྲུབ་པ་ལ་རབ་ཏུ་བྱེད་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །དེའི་འགྲེལ་པ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། རྟེན་ཅིང་འགྲེལ་པར་འབྱུང་བའི་རྒྱ་ཆེར་བཤད་པ། བམ་པོ་བཞི། དེའི་འགྲེལ་པ། ཤློ་ཀ་སུམ་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་གཅིག།། །།ཐེག་པ་ཆེན་པོའི་བསྟན་བཅོས་སྣ་ཚོགས་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པ། ཤློ་ཀ་བཞི་སྟོང་ཉིས་བརྒྱ་སྟེ་བམ་པོ་བཅུ་བཞི། སྐྱེས་པ་རབས་ཀྱི་རྒྱུད། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། མདོ་སྡེ་སྣ་ཚོགས་ཀྱི་མདོ་བསྡུས་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། མདོ་ཀུན་ལས་བཏུས་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། རིན་པོ་ཆེའི་ཕྲེང་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། །དེའི་འགྲེལ་པ་ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། ཕ་ རོལ་ཏུ་ཕྱིན་པ་བཏུས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། ཚིགས་སུ་བཅད་པའི་དོན་བཏུས་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། སྦྱངས་པའི་ཡོན་ཏན་གྱི་ཕན་ཡོན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཤློ་ཀ་བརྒྱ། ཤེས་རབ་བརྒྱ་པའི་རབ་ཏུ་བྱེད་པ། ཤློ་ཀ་བརྒྱ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཤློ་ཀ་བཞི་བཅུ་རྩ་བདུན། དེ་བཤད་པ། ཤློ་ཀ་ཉིས་བརྒྱ། གྲོགས་པོའི་སྤྲིང་ཡིག ། ཤློ་ཀ་བརྒྱ། དེའི་རྒྱ་ཆེར་བཤད་པ་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ། ཤློ་ཀ་སྟོང་ཉིས་བརྒྱ་ལྔ་བཅུ་སྟེ་བམ་པོ་བཞི་དང། ཤློ་ཀ་ལྔ་བཅུ། སློབ་མ་ལ་སྤྲིང་བའི་སྤྲིང་ཡིག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཤློ་ཀ་ཉིས་བརྒྱ། དེའི་དཀའ་འགྲེལ་སློབ་དཔོན་བཻ་རོ་ཙ་ན་རྐཥི་ཏས་མཛད་པ། ཤློ་ཀ་བརྒྱ། རྒྱལ་པོ་ཀ་ནི་ཀ་ལ་སྤྲིང་པའི་སྤྲིང་ཡིག་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། ཤློ་ཀ་བརྒྱ། འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིང་བའི་སྤྲིང་ཡིག ། ཤློ་ཀ་བཅུ་གཉིས། གཅེས་པ་བརྒྱད་ཅུ་པ། ཤློ་ཀ་བརྒྱད་ཅུ། སྡོམ་པ་ཉི་ཤུ་པ། ཤློ་ཀ་ཉི་ཤུ། དེའི་འགྲེལ་པ་སློབ་དཔོན་ཤཱནྟ་ར་ཀཥི་ཏས་མཛད་པ། བམ་པོ་གཉིས། ཚིགས་སུ་བཅད་པ་བརྒྱ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། ཤློ་ཀ་བརྒྱ། ཚིགས་སུ་བཅད་པའི་མཛོད། སློབ་དཔོན་ཉི་མ་སྦས་པས་མཛད་པ། ཤློ་ཀ་བརྒྱ། ལྟ་བའི་བྱེ་བྲག་སློབ་དཔོན་ཉི་མའི་འོད་ཀྱིས་མཛད་པ། ཤློ་ཀ་བརྒྱ་ལྔ་བཅུ། འཇིག་རྟེན་ཕ་རོལ་བསྒྲུབ་པ། མཁན་པོ་ཡེ་ཤེས་སྡེས་མཛད་པ། ཤློ་ཀ་སུམ་ཅུ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ། རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་འགྲེལ་པ། ཤློ་ཀ་བརྒྱ་རྩ་བཅུ། དེ་བཞིན་གཤེགས་པ་ལ་ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཤློ་ཀ་སུམ་ཅུ། དེའི་ཚིག་ལེའུར་བྱས་པ། ཤློ་ཀ་བཅུ། བསྟོད་པ་བརྒྱ་ལྔ་བཅུ་བའི་བཤད་པ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། གསང་བའི་གནས་སུ་བསྟོད་པའི་འགྲེལ་པ། བམ་པོ་གསུམ།། །།ཐེག་པ་ཆུང་ངུའི་བསྟན་བཅོས་ལ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། ཤློ་ཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང༌། ཤློ་ཀ་བརྒྱ། མཛོད་ཀྱི་འགྲེལ་པ་ཤློ་ཀ་དགུ་སྟོང་སྟེ་བམ་པོ་སུམ་ཅུ། དེའི་འགྲེལ་བཤད་སློབ་དཔོན་ཡ་ཤོ་མི་ཏྲས་མཛད་པ། ཤློ་ཀ་ཁྲི་བརྒྱད་སྟོང་སྟེ་བམ་པོ་དྲུག་ཅུ། ཡང་མཛོད་ཀྱི་འགྲེལ་པ་སློབ་དཔོན་སཾ་གྷ་བྷ་དྲས་མཛད་པ། ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། ཡང་མཛོད་ཀྱི་འགྲེལ་པ། སློབ་དཔོན་ཤཱནྟི་སྭ་མས་མཛད་པ། ཤློ་ཀ་བཞི་སྟོང་སུམ་བརྒྱ་སྟེ་བམ་པོ་བཅུ་བཞི། མཛོད་ཀྱི་ཐབས་བསྡུས་པ། ཤློ་ཀ་སུམ་སྟོང་སྟེ་བམ་པོ་བཅུ། ཆོས་མངོན་པ་ལ་འཇུག་པ། ཤློ་ཀ་བདུན་བརྒྱ་ལྔ་བཅུ་སྟེ་བམ་པོ་གཉིས་དང༌། ཤློ་ཀ་བརྒྱ་ལྔ་བཅུ། དེའི་རྒྱ་ཆེར་འགྲེལ་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། དེའི་སྙིང་པོ་ཀུན་ལས་བཏུས་པ། ཤློ་ཀ་སྟོང་བརྒྱད་བརྒྱ་ལྔ་བཅུ་སྟེ་བམ་པོ་དྲུག་དང༌། ཤློ་ཀ་ལྔ་བཅུ།། །།ཏར་ཀའི་ཕྱོགས་ལ། ལས་དང་འབྲས་བུའི་འབྲེལ་པ་བརྟགས་པ། ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། དེའི་འགྲེལ་པ་ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། རིགས་པའི་ཐིགས་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག། དེའི་འགྲེལ་པ། སློབ་དཔོན་དྷ་རྨ་ཨུཏྟས་མཛད་པ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། དེའི་རྒྱ་ཆེར་བཤད་པ། ཤློ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། རིགས་པའི་ཐིགས་པའི་ཕྱོགས་ལྔ་མ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤློ་ཀ་བརྒྱ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་བསྡུས་པ། ཤློ་ཀ་བརྒྱ་ལྔ་བཅུ། གཏན་ཚིགས་ཐིགས་པ་ཤློ་ཀ་ཉིས་བརྒྱ། དེའི་འགྲེལ་པ། ཤློ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། འབྲེལ་པ་བརྟགས་པ། ཤློ་ཀ་དྲུག་བརྒྱ་ཉི་ཤུ་རྩ་བཞི་སྟེ་བམ་པོ་གཉིས་དང་ཤློ་ཀ་ཉི་ཤུ་རྩ་བཞི། དམིགས་པ་བརྟག་པ། ཤློ་ཀ་བརྒྱད། དེའི་འགྲེལ་པ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་རྩ་ལྔ་སྟེ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་ལྔ་བཅུ་རྩ་ལྔ། གཞན་སེལ་བ་གྲུབ་པ། ཤློ་ཀ་བདུན་ཅུ་རྩ་གཉིས། ཐམས་ཅད་མཁྱེན་པ་གྲུབ་པ། ཤློ་ཀ་ལྔ་བཅུ། བདག་མེད་པ་གྲུབ་པ། ཤློ་ཀ་བདུན་ཅུ་རྩ་གཅིག །ཕྱི་རོལ་གྱི་ཡུལ་གྲུབ་པ། སློབ་དཔོན་ཤུ་པ་གུཔྟས་ མཛད་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །དབང་ཕྱུག་འཇུག་པ་གྲུབ་པ། ཤློ་ཀ་དྲུག་ཅུ་རྩ་དགུ། འཇིག་རྟེན་ཕ་རོལ་གྲུབ་པ། ཤློ་ཀ་བརྒྱ་ལྔ་བཅུ། དེའི་འགྲེལ་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །ཐམས་ཅད་མཁྱེན་པ་གྲུབ་པ། ཤློ་ཀ་ཉིས་བརྒྱ་ལྔ་བཅུ། དེ་བཞིན་གཤེགས་པ་བརྟགས་པ་གྲུབ་པ། ཤློ་ཀ་ཉི་ཤུ་རྩ་གཅིག །སྤྱི་ཐ་དད་མེད་པ་དགག་པ། ཤློ་ཀ་ཉི་ཤུ་རྩ་གཅིག །སྤྱི་ཐ་དད་པ་དགག་པ། ཤློ་ཀ་བཞི་བཅུ་རྩ་གཉིས། དབུ་མ་བརྟག་པ། ཤློ་ཀ་ཉི་ཤུ་རྩ་གཉིས། ཐོས་པ་བརྟག་པ། ཤློ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག།། །། བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ། བཀའ་ཡང་དག་པའི་ཚད་མ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། དེ་བཞིན་གཤེགས་པའི་སྐད་རྟ། ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ།བྱམས་པའི་བསྟོད་པ་ཆེན་པོ། ། ཤློ་ཀ་བཞི་བརྒྱ་སྟེ་བམ་པོ་གཅིག་དང༌། ཤློ་ཀ་བརྒྱ། བྱམས་པའི་བསྟོད་པ་ཆུང་དུ། ཤློ་ཀ་བརྒྱ་ལྔ་བཅུ། གྲུབ་པའི་མཐའ་འགྲོ་བ། ཤློ་ཀ་བཞི་བཅུ། དབུ་མའི་གཟེར་བུ། ཤློ་ཀ་སུམ་ཅུ། ཐེག་པ་ཆེན་པོའི་བསམ་གཏན་གྱི་མན་ངག་གོལ་ས་བརྒྱད་བཙལ་བ་བཙད་པོས་བཀས་བཅད་པ། ཤློ་ཀ་སུམ་ཅུ། གསུང་རབ་ཞུ་ཆེན་མ་བགྱིས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བཞི་པ་དང༌། དྲན་པ་ཉེ་བར་གཞག་པ་ཆེན་པོ་གཉིས་གཏན་ལ་མ་ཕབ། བསྟན་བཅོས་བསྒྱུར་འཕྲོ་ལ། དབུ་མའི་གཞུང་ཞིབ་མོ་རྣམ་པར་འཐག་པ་རྩ་བ་དང༌། འགྲེལ་པར་བཅས་པ་གཉིས། དབུ་མའི་སྙིང་པོ་རྟོག་གེ་འབར་བ་རྩ་བ་དང༌། འགྲེལ་པར་བཅས་པ་གཉིས། ཚད་མ་རྣམ་འགྲེལ། བམ་པོ་བཅུ་གཅིག །རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་བརྒྱད། རྩོད་པའི་རིགས་པ། བམ་པོ་གཅིག །ཚད་མ་དེ་ཁོན་བསྡུས་པ་རྩ་བ་དང་འགྲེལ་པར་བཅས་པ་གཉིས། གསུང་རབ་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལ་ཤློ་ཀ་དང༌། བམ་པོའི་གྲངས་གཏན་ལ་ཕབ་སྟེ་ཞུ་ཆེན་ཟིན་ཏོ་འཚལ་ཐམས་ཅད་འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་དུ་མཚན་བྱར་དཀར་ཆག་ཏུ་བཏབ་པ་རྫོགས་སོ།། །།

Wednesday, 25 September 2013

བསྟན་བཅོས།

आर्याष्टसाहस्रिकायाः प्रज्ञापारमितायाः पिण्डार्थः

༄༅། །ཚིགས་སུ་བཅད་པ་དགུ་པ་བཞུགས་སོ།

བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལ་ཕྱག་འཚལ་ལོ།

प्रज्ञापारमिताम्बुधौ शुभ्ररत्नाकरे स्वयम्
सर्वा (सर्वाः) पारमितास्तत्र तादात्म्येन व्यवस्थिताः ।।१।।
དགེ་བའི་རིན་ཆེན་འབྱུང་གནས་གང༌།
ཤེས་རབ་ཕ་རོལ་ཕྱིན་བྱང་ཆུབ།
ཐམས་ཅད་ཕ་རོལ་ཕྱིན་མ་དེར།
དེ་རང་ཉིད་ཀྱི་རྣམ་པར་གནས།

निश्प्रपञ्चा निराभासा निर्विकल्पा निरालया
निःस्वभावा परा सूक्ष्मा बिन्दुनादविवर्जिता ।।२।।
སྤྲོས་པ་མེད་ཅིང་སྣང་བ་མེད།
ཀུན་གཞི་མེད་ཅིང་རྣམ་རྟོག་མེད།
རང་བཞིན་མེད་ཅིང་མཆོག་ཏུ་ཕྲ།
སྒྲ་དང་ཐིག་ལེ་རྣམ་པར་སྤངས།

प्रज्ञापारमिता माता सर्वबुद्धोदया परा
त्रयानुपलब्धिरूपा सर्वज्ञज्ञानगोचरा ।।३।।
སངས་རྒྱས་ཐམས་ཅད་འབྱུང་བའི་མཆོག།
ཤེས་རབ་ཕ་རོལ་ཕྱིན་མ་ཡུམ༎
རང་བཞིན་དེ་ཡིས་མ་དམིགས་ནི།
ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ལོ།

प्रज्ञापारमितां सम्यग् यो भावयितुम् इच्छति
तेनार्थतो नवश्लोकाश् चिन्तनीयाः समासतः ।।४।।

ཡང་དག་ཤེས་རབ་ཕ་རོལ་ཕྱིན།
གང་ཞིག་སྒོམ་པར་བྱེད་འདོད་པ།
ཚིགས་བཅད་དགུ་ཡི་དོན་ལ་ངེས།
བསམ་པར་བྱ་བ་བསྡུས་པའོ།

कर्मप्रभावसंभूतं षडायतनलक्षणम्
पुनर्भवम् इति ख्यातं प्रतिभासोपमं हि तत् ।।५।।
ལས་ཀྱི་མཐུ་ལས་ཡང་དག་བྱུང༌།
སྐྱེ་མཆེད་དྲུག་གི་མཚན་ཉིད་མེད།
སླར་ཡང་འབྱུང་བ་ཞེས་བརྗོད་པ།
མིག་ཡོར་ལྟ་བུར་བརྗོད་པ་ཡིན།

निर्मितं नगरं यद्वद् विलोकयति निर्मितः
तद्वत् पश्यति रूपाणि कर्मभिर् निर्मितं जगत् ।।६।।
སྤྲུལ་པའི་གྲོང་ཁྱེར་གང་དེ་བཞིན།
སྤྲུལ་པར་རྣམ་པར་བལྟ་བར་བྱ།
ལས་ཀྱིས་སྤྲུལ་པའི་འགྲོ་བ་ཡི།
ངོ་བོ་གང་ཡིན་པ་དེ་བཞིན་ནོ།

धर्मं देशयतः शब्दा ये केचित् श्रुतिगोचराः
प्रतिश्रुत्कोपमाः सर्वे प्रोद्भूतश्रुतिनः श्रुताः ।।७।।
གང་ལས་ཆོས་བསྟན་པ་ཡི་སྒྲ༎
འགའ་ཞིག་ཐོས་པའི་སྤྱོད་ཡུལ་ལོ།
བྲག་ཅ་ལྟ་བུར་ཐམས་ཅད་དུ།
རབ་ཏུ་རྨད་བྱུང་ཐོས་མ་ཐོས།

आघ्रतं स्वादितं तथा स्प्रष्टं विषयलालासैः
स्वप्नतुल्यम् इदं सर्वम् उपलब्धं विद्यते ।।८।।
བསྣམས་དང་མྱངས་དང་གང་ཡང་ནི།
རེག་པའི་ལུས་ལ་རོལ་པ་ཡིས།
འདི་དག་རྨི་ལམ་ལྟ་བུ་སྟེ།
ཐམས་ཅད་དམིགས་པ་ཡོད་མ་ཡིན།

मायायन्त्रो नरो यद्वद् भिन्नां चेष्टां करोति वै
तद्वद् चेष्टां करोत्येव देहयन्त्रो निरात्मकः ।।९।।
མི་གང་སྒྱུ་མའི་འཁྲུལ་འཁོར་བཞིན།
ཐ་དད་བསམ་པས་བྱེད་དེ་ཡི།
བདག་མེད་ལུས་ཀྱི་འཁྲུལ་འཁོར་གང༌།
བསམ་པས་བྱེད་པ་དེ་བཞིན་ནོ།

नामोपलब्धयो याश् प्रतिलक्षणसमुद्भवाः
मरीचिसदृशाश् चैते दृष्टनष्टाः विलक्षणाः ।।१०।।
སྣ་ཚོགས་ཉེ་བར་དམིགས་གང་ཡང༌།
སྐད་ཅིག་སོ་སོར་ཡང་དག་འབྱུང༌།
འདི་དག་སྨིག་རྒྱུ་ལྟ་བུར་གང༌།
མཐོང་བ་ཉམས་པས་མཚན་ཉིད་བྲལ།

प्रतिबिम्बनिभं ग्राह्यम् अनादिचित्तसंभवम्
तदाकारं विज्ञानम् अन्यान्यप्रतिबिम्बवत् ।।११।।
གཟུགས་བརྙན་ལྟ་བུར་གཟུང་བར་བྱ།
ཐོག་མེད་སེམས་ལས་ཀུན་ཏུ་འབྱུང༌།
དེ་རྣམ་པ་དང་རྣམ་པར་ཤེས།
ཕན་ཚུན་དུ་ནི་གཟུངས་བརྙན་བཞིན༎

ध्यायिनां स्वच्छसंताने यज्ज्ञानेन्दुसमुद्भवम्
उदकचन्द्रोपमं तद्धि प्रत्यक्षं विद्यते ।।१२।।
བསམས་པས་དད་པའི་རྒྱུད་ལ་གང༌།
ཡེ་ཤེས་དབང་པོ་ཡང་དག་འབྱུང༌།
ལྟེང་ཀའི་ཟླ་བ་ལྟ་བུར་གང་༎
དེ་བཞིན་མངོན་སུམ་ཡོད་མ་ཡིན།

योगिनाम् अपि यज्ज्ञानं तद् अप्याकाशलक्षणम्
तस्माज्ज्ञानं ज्ञेयं सर्वम् आकाशलक्षणम् ।।१३।।
རྣལ་འབྱོར་པས་ཀྱང་ཡེ་ཤེས་གང༌།
དེ་ཡང་ནམ་མཁའི་མཚན་ཉིད་དོ།
དེ་ཕྱིར་ཤེས་དང་ཤེས་བྱ་གང༌།
ཐམས་ཅད་ནམ་མཁའི་མཚན་ཉིད་དོ།

इति चिन्तयतः तत्त्वं सर्वभावेष्वनाश्रितम्
बोधिप्रणिधिचित्तेन ज्ञानम् अग्रं भविष्यति ।।१४।।
རང་བཞིན་རྣམས་ལ་གནས་མེད་པ།
དེ་ཉིད་དེ་ལྟར་བསམ་པར་བྱ༎
བྱང་ཆུབ་སྨོན་པའི་སེམས་ལས་ནི།
ཡེ་ཤེས་མཆོག་ནི་འབྱུང་བར་འགྱུར།

आर्याष्टसाहस्रिकायाः प्रज्ञापारमितायाः पिण्डार्थः समाप्तः ।।
कृतिरियं श्रीकम्बलाम्बरपादानाम् ।। 
ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས།
འདི་དེ་མཆོག་ཏུ་ཤེས་པར་བྱ།
གང་དུ་རྣལ་འབྱོར་པ་གནས་པ།

མངོན་སུམ་ཀུན་མཁྱེན་བཅོམ་ལྡན་འགྱུར།
༄༅། །རྒྱ་གར་སྐད་དུ།
शिक्षासमुच्चयकारिका
ཤིཀྵ་ས་མུཙྪ་ཡ་ཀཱ་རི་ཀཱ།
བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །


यदा मम परेषां च भयं दुःखं च न प्रियम् ।
तदात्मनः को विशेषो यत्तं रक्षामि नेतरम् ॥ १ ॥
འདི་ལྟར་བདག་དང་གཞན་དག་ཀྱང། །
འཇིགས་དང་སྡུག་བསྔལ་མི་འདོད་ན། །
བདག་དང་བྱེ་བྲག་ཅི་ཡོད་ན། །
གང་དེ་བསྲུང་ལ་གཞན་མི་བསྲུང། །
दुःखान्तं कर्तुकामेन सुखान्तं गन्तुमिच्छता ।
श्रद्धामूलं दृढीकृत्य बोधौ कार्या मतिर्दृढा ॥ २ ॥
སྡུག་བསྔལ་མཐར་འབྱིན་འདོད་པ་དང། །
བདེ་བའི་མཐར་ཡང་འགྲོ་འདོད་པས། །
དད་པའི་རྩ་བ་བརྟན་བྱ་སྟེ། །
བྱང་ཆུབ་ལ་ཡང་བློ་བརྟན་བྱ། །
(शिक्षादरो) महायानाद्बोधिसत्त्वस्य संवरः ।
मर्मस्थानान्यतो विद्याद्येनानापत्तिको भवेत् ॥ ३ ॥
བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །
རྒྱས་པར་ཐེག་པ་ཆེ་ལས་འབྱུང། །
གང་གིས་ལྟུང་བར་མི་འགྱུར་བའི། །
གནད་ཀྱི་གནས་རྣམས་འདིར་རིག་བྱ། །
आत्मभावस्य भोगानां त्र्यध्ववृत्तेः शुभस्य च ।
उत्सर्गः सर्वसत्त्वेभ्यस्तद्रक्षा शुद्धिवर्धनम् ॥ ४ ॥
བདག་གི་ལུས་དང་ལོངས་སྤྱོད་དང། །
དགེ་བ་དུས་གསུམ་སྐྱེས་པ་རྣམས། །
སེམས་ཅན་ཀུན་ལ་བཏང་བ་དང། །
དེ་བསྲུང་དག་པ་སྤེལ་བའོ། །
परिभोगाय सत्त्वानामात्मभावादि दीयते ।
अरक्षिते कुतो भोगः कि दत्तं यन्न भुज्यते ॥ ५ ॥
སེམས་ཅན་རྣམས་ཀྱིས་ལོངས་སྤྱད་ཕྱིར། །
ལུས་ལ་སོགས་པས་བསྲུང་བར་བྱ། །
མ་བསྲུངས་ལོངས་སྤྱོད་གང་ལས་འོང། །
གང་མི་སྤྱོད་པ་ཅི་ཞིག་སྦྱིན། །
तस्मात्सत्त्वोपभोगार्थमात्मभावादि पालयेत् ।
कल्याणमित्रानुत्सर्गात्सूत्राणां च सदेक्षणात् ॥ ६ ॥
དེ་བས་སེམས་།ཅན་ལོངས་སྤྱོད་ཕྱིར། །
དགེ་བའི་བཤེས་གཉེན་མི་གཏོང་ཞིང། །
མདོ་སྡེ་དག་ལ་རྟག་བལྟ་བས། །
ལུས་ལ་སོགས་པ་བསྲུང་བར་བྱ། །
तत्रात्मभावे का रक्षा यदनर्थविवर्जनम् ।
केनैतल्लभ्यते सर्वं निष्फलस्पन्दवर्जनात् ॥ ७ ॥
དེ་ལ་ལུས་བསྲུང་གང་ཞེ་ན། །
གནོད་པར་འགྱུར་བ་སྤང་བ་སྟེ། །
དེ་ཀུན་གང་གིས་འཐོབ་ཅེ་ན། །
འབྲས་བུ་མེད་པའི་བྱེད་སྤངས་པས། །
एतत्सिध्येत्सदा स्मृत्या स्मृतिस्तीव्रादराद्भवेत् ।
आदरः शममाहात्म्यं ज्ञात्वातापेन जायते ॥ ८ ॥
དེ་ཡང་རྟག་ཏུ་དྲན་པས་འགྲུབ། །
དྲན་པ་ཤིན་ཏུ་གུས་ལས་འབྱུང། །
གུས་ནི་ཞི་བའི་ཆེ་བ་ཉིད། །
ཤེས་པར་གྱུར་ནས་བརྟུན་པས་སྐྱེད། །
समाहितो यथाभूतं प्रजानातीत्यवदन्मुनिः ।
शमाच्च न चलेच्चितं बाह्यचेष्टा निवर्तनात् ॥ ९ ॥
མཉམ་གཞག་ཡང་དག་ཇི་བཞིན་དུ། །
ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །
ཕྱི་རོལ་གཡོ་བ་བཟློག་པ་ཡིས། །
སེམས་ནི་ཞི་ལས་མི་གཡོ་ཞིང། །
सर्वत्रापचलो मन्दमतिस्निग्धाभिभाषणात् ।
आववर्जयेज्जनं भव्यमादेयश्चापि जायते ॥ १० ॥
ཀུན་དུ་མི་རྒོད་འཇམ་པ་དང། །
རན་ཅིང་མཉེན་པར་སྨྲ་བ་ཡིས། །
སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །
གཟུང་བར་འོས་པའང་སྐྱེ་བར་འགྱུར། །
अनादेयं तु तं लोकः परिभूय जिनाङ्कुरम् ।
भस्मच्छन्नो यथा वह्निः पच्येत नरकादिषु ॥ ११ ॥
འདི་ནི་གཟུང་འོས་མ་ཡིན་ན། །
འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །
ཐལ་བས་གཡོགས་པའི་མེ་བཞིན་དུ། །
སེམས་ཅན་དམྱལ་ལ་སོགས་པར་སྲེག །
रत्नमेघे जिनेनोक्तस्तेन सङ्क्षेपसंवरः ।
येनाप्रसादः सत्त्वानां तद्यत्नेन विवर्जयेत् ॥ १२ ॥
དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །
གང་གིས་སེམས་ཅན་མ་དད་འགྱུར། །
དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །
དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །
एषा रक्षात्मभावस्य भैषज्यवसानादिभिः ।
आत्मतृष्णोपभोगात्तु क्लिष्टापत्तिः प्रजायते ॥ १३ ॥
འདི་ནི་བདག་ལུས་བསྲུང་བ་སྟེ། །
སྨན་དང་གོས་ལ་སོགས་བཅས་པས། །
བདག་ལ་སྲེད་པས་ལོངས་སྤྱད་ན། །
ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །
सुकृटारम्भिणा भाव्यं मात्रज्ञेन च सर्वतः ।
इति शिक्षापदादस्य भोगरक्षा न दुष्करा ॥ १४ ॥
ལེགས་སྤྱད་དག་ལ་བརྩམ་པར་བྱ། །
ཐམས་ཅད་ལ་ཡང་ཚོད་རིག་བྱ། །
དེ་ལྟས་བསླབ་པའི་གཞི་འདི་ལས། །
དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །
स्वार्थविपाक वैतृष्ण्याच्छुभं संरक्षितं भवेत् ।
पश्चातापं न कुर्वीत न च कृत्वा प्रकाशयेत् ॥ १५ ॥
རང་དོན་རྣམ་སྨིན་སྲེད་སྤངས་པས། །
དགེ་བ་ཀུན་དུ་བསྲུང་བར་འགྱུར། །
འགྱོད་པར་ཡང་ནི་མི་བྱ་སྟེ། །
བྱས་པར་གྱུར་ཀྱང་བསྒྲག་མི་བྱ། །
लाभसत्कारभीतः स्यादुन्नतिं वर्जयेत्सदा ।
बोधिसत्त्वः प्रसन्नः स्याद्धर्मे विमतिमुत्सृजेत् ॥ १६ ॥
རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང། །
ཁེངས་པ་རྟག་ཏུ་སྤང་བར་བྱ། །
བྱང་ཆུབ་སེམས་དཔའ་དད་བྱ་ཞིང། །
ཆོས་ལ་ཡིད་གཉིས་སྤང་བར་བྱ། །
शोधितस्यात्मभावस्यभोगः पथ्यो भविष्यति ।
सम्यक्सिद्धस्य भक्तस्य निष्कणस्येव देहिनाम् ॥ १७ ॥
ལུས་ནི་རྣམ་པར་སྦྱང་བྱས་ན། །
ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །
འབྲས་ཆན་ལེགས་པར་ཚོས་པ་དང། །
གཟེགས་མེད་ལུས་ཅན་ཕན་པ་འདྲ། །
तृणच्छन्न यथा शस्यं रोगैः सीदति नैधते ।
बुद्धाङ्कुरस्तथा वृद्धिं क्लेशच्छन्नो न गच्छति ॥ १८ ॥
ཇི་ལྟར་ལོ་ཏོག་བཙས་ཁེབས་ན། །
ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །
དེ་ལྟར་སངས་རྒྱས་མྱུ་གུ་ཡང། །
ཉོན་མོངས་ཁེབས་ན་རྒྱས་མི་འགྱུར༑ །
आत्मभावस्य का शुद्धिः पापक्लेशविशोधनम् ।
सम्बुद्धोत्तयर्थसारेण यत्नभावे त्वपायगः ॥ १९ ॥
ལུས་ཀྱི་དག་པ་གང་ཞེ་ན། །
སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། །
རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །
འབད་པ་མེད་ན་ངན་འགྲོར་འགྲོ། །
क्षमेत श्रुतमेषेत संश्रयेत वनं ततः ।
सामाधानाय युज्येत भावयेदशुभादिकम् ॥ २० ॥
བཟོད་བྱ་ཐོས་པ་བཙལ་བར་བྱ། །
དེ་ནས་ནགས་སུ་གནས་པར་བྱ། །
མཉམ་པར་གཞག་ལ་བརྩོན་བྱ་ཞིང། །
མི་སྡུག་ལ་སོགས་བསྒོམ་པར་བྱ། །
भोगशुद्धिं च जानीयात्सम्यगाजीवशोधनात् ।
शून्यताकरुणागर्भेचेष्टितात्पुण्यशोधनम् ॥ २१ ॥
ཡང་དག་འཚོ་བ་སྦྱངས་པ་ཡིས། །
ལོངས་སྤྱོད་དག་པར་ཤེས་པར་བྱ། །
སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །
བསྐྱེད་པས་བསོད་ནམས་དག་པར་འགྱུར། །
ग्रहीतारः सुबहवः स्वल्पं चेद मनेन किम् ।
न चातितृप्तिजनकं वर्धनीयमिदं ततः ॥ २२ ॥
གཟུང་བར་བྱ་བ་རབ་མང་ལ། །
འདི་ནི་ཉུང་ན་འདིས་ཅི་བྱ། །
ཤིན་ཏུ་ངོམས་པ་སྐྱེད་མ་ཡིན། །
དེ་ཕྱིར་འདི་ནི་འཕེལ་བར་བྱ། །
आत्मभावस्य का वृद्धिर्बलानालस्यवर्धनम् ।
शून्यताकरुणागर्भाद्दानाद्भोगस्य वर्धनम् ॥ २३ ॥
དེ་ལ་ལུས་འཕེལ་གང་ཞེ་ན། །
ལེ་ལོ་མེད་དང་སྟོབས་སྐྱེད་ཡིན། །
སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །
སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །
कृत्वादावेव यत्नेन व्यवसायाशयौ दृढौ ।
करुणां च पुरस्कृत्य यतेत शुभवृद्धये ॥ २४ ॥
བརྩོན་དང་བསམ་པ་བརྟན་པར་ཡང། །
དང་པོ་ནན་ཏན་བྱས་ནས་ནི། །
སྙིང་རྗེ་མདུན་དུ་བཞག་ནས་ནི། །
དགེ་བ་སྤེལ་ལ་ནན་ཏན་བྱ། །
भद्रचर्याविधिः कार्यो वन्दनादिः सहादरात् ।
श्रद्धादीनां सदाभ्यासो मैत्री बुद्धाद्यनुस्मृतिः ॥ २५ ॥
བཟང་པོ་སྤྱོད་པའི་ཆོ་ག་བཞིན། །
ཕྱག་འཚལ་ལ་སོགས་གུས་པར་བྱ། །
དད་པ་ལ་སོགས་རྟག་ཏུ་བསྒོམ། །
བྱམས་དང་སངས་རྒྱས་སོགས་དྲན་བྱ། །
सर्वावस्थासु सत्त्वार्थो धर्मदानं निरामिषम् ।
बोधिचित्तं च पुण्यस्य वृद्धिहेतुः समासतः ॥ २६ ॥
དུས་རྣམས་ཀུན་དུ་སེམས་ཅན་དོན། །
ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད༑ །
བྱང་ཆུབ་སེམས་ནི་མདོར་བསྡུ་ན། །
བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །
सिद्धिः सम्यक्प्रहाणानामप्रमादावियोजनात् ।
स्मृत्याथ सम्प्रजन्येन योनिशश्चिन्तनेन च ॥ २७ ॥
འགྲུབ་པ་ཡང་དག་སྤོང་རྣམས་ཏེ། །
བག་ཡོད་པ་དང་མ་བྲལ་ཞིང། །
དྲན་པ་དང་ནི་ཤེས་བཞིན་དང། །
ཚུལ་བཞིན་དུ་ནི་སེམས་པའོ། །
བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུ་བྱས་པ།
མཁན་པོ་ཞི་བ་ལྷས་མཛད་པ་རྫོགས་སོ།། །།