མཆོད་བརྗོད།

सर्वदृष्टिप्रहाणाय यः सद्धर्ममदेशयत् । གང་གིས་ཐུགས་བརྩེ་ཉེར་བཟུང་ནས༎ ལྟ་བ་ཐམས་ཅད་སྤང་པའི་ཕྱིར༎

अनुकम्पमुपादय तं नमस्यामि गौतमम् ।। དམ་པའི་ཆོས་ནི་སྟོན་མཛད་པ༎ གཽ་ཏམ་དེ་ལ་ཕྱག་འཚལ་ལོ༎

Wednesday 28 August 2013

ཚིག་མཛོད་

।। श्रीः ।।
नामलिङ्गानुशानं नाम
अमरकोषः
མིང་དང་རྟགས་ཀྱི་རྗེས་སུ་བཤད་པ་ཞེས་པ་
འཆི་མེད་མཛོད།
मङ्गलाचरणम्
མཆོད་བརྗོད།

यस्य ज्ञानदयासिन्धोरगाधस्यानघा गुणाः
सेव्यतामक्षयो धीराः श्रिये चामृताय
གང་གི་མཁྱེན་བརྩེའི་རྒྱ་མཚོ་ནི།
གཏིང་མེད་སྡིག་མེད་ཡོན་ཏན་རྣམས།
མི་ཟད་རྟེན་གྱི་བློ་ལྡན་རྣམས།
དེ་ཡི་དཔལ་དང་བདུད་རྩིའི་ཕྱིར།
समाहृत्यान्यतन्त्राणि संक्षिप्तैः प्रतिसंस्कृतैः
सम्पूर्णमुच्यते वर्गैर्नामलिङ्गानुशासनम्
རྒྱུད་གཞན་རྣམས་ལས་བསྡུས་ནས་ནི།
སོ་སོར་ལེགས་སྦྱར་མདོན་བསྡུས་པ༎
རྫོགས་པར་བརྗོད་དོ་སྡེ་ཚན་གྱིས༎
མིང་དང་རྟགས་ཀྱི་རྗེས་བཤད་པ༎
प्रायशो रूपभेदेन साहचर्याच्च कुत्रचित्
स्त्रीपुंनपुंसकं ज्ञेयं तद्विशेषविधेः क्वचित्
ཤེས་བྱ་ཕོ་མོ་མ་ནིང་ལ༎
ཕལ་ཆེར་གཟུགས་ཀྱི་དབྱེ་བ་དང༎
འགའ་ཞིག་ལྷན་ཅིག་སྦྱོད་པ་དང་༎
འགའ་ཞིག་དེ་ཡི་ཁྱད་པར་སྒྲུབ༎
भेदाख्यानाय द्वन्द्वो नैकशेषो संकरः
कृतोऽत्र भिन्नलिङ्गानामनुक्तानां क्रमादृते
དབྱེ་བ་བཤད་ཕྱིར་ཟླས་དབྱེ་དང༎.
གཅིག་གིས་ལྷག་པར་མ་བསྡུས་ཤིང༎
འདིར་ནི་རྟགས་རྣམས་མེད་པ་དང༎
མ་བཤད་གོ་རིམ་སྤངས་བྱས་ནས༎
त्रिलिङ्ग्यां त्रिष्विति पदं मिथुने तु द्वयोरिति
निषिद्धलिङ्गं शेषार्थं त्वन्ताथादि पूर्वभाक् १०
གསུམ་གྱི་རྟགས་ལ་གསུམ་ཞེས་བྱ༎
འཁྲིག་པའི་ཚིག་ལ་གཉིས་ཞེས་བྱ༎
རྟགས་བཀག་ལྷག་དོན་བུ་མཐའ་དང་༎
ཨ་ཐ་དང་པོ་སྔོན་ཆ་མིན༎
स्वर्गवर्गः
མཐོ་རིས་ཀྱི་སྡེའོ། 
स्वरव्ययं स्वर्गनाकत्रिदिवत्रिदशालयाः ११
सुरलोको द्योदिवौ द्वे स्त्रियां क्लीबे त्रिविष्टपम् १२
མཐོ་རིས་འགྲོད་མེད་བདེ་འགྲོ་དང་༎
སྐྱོ་མེད་གསུམ་རྩེ་སྐབས་གསུམ་གནས༎
ལྷ་ཡི་འཇིག་རྟེན་རོལ་གནས་མཁའ༎
གཉིས་མོ་མ་ནིང་གཞི་གསུམ་པ༎
अमरा निर्जरा देवास्त्रिदशा विबुधाः सुराः १३
सुपर्वाणः सुमनसस्त्रिदिवेशा दिवौकसः १४
འཆི་མེད་རྒས་མེད་སྐབས་གསུམ་ལྷ༎
རྣམ་པར་སད་དང་བཅུད་ལྡན་དང་།
ཚིགས་བཟང་པ་དང་ཡིད་བཟང་དང་།
གསུམ་རྩེ་དབང་ལྡན་མཐོ་རིས་གནས༎
आदितेया दिविषदो लेखा अदितिनन्दनाः १५
आदित्या ऋभवोऽस्वप्ना अमर्त्या अमृतान्धसः १६
མི་སྦྱིན་མཁས་སྤྱོད་ལེགས་པར་བྲིས༎
མི་སྦྱིན་དགའ་དང་ཨཱ་དིའི་བུ༎
རི་ཡིག་བུ་དང་རྨི་ལམ་མེད།
མི་འཆི་བ་དང་བདུད་རྩི་ཟས།
बर्हिर्मुखाः क्रतुभुजो गीर्वाणा दानवारयः १७
वृन्दारका दैवतानि पुंसि वा देवताः स्त्रियाम् १८
མེ་ཡི་ཞལ་དང་མཆོད་སྦྱིན་ཟས།
ངག་གི་མདའ་ཅན་ལྷ་མིན་དགྲ།
ཚོགས་བཟང་བ་དང་ལྷ་རྣམས་ཉིད།
སྐྱེ་འབྲི་འམ་ནི་ལྷ་མོ་ཉིད།
आदित्यविश्ववसवस्तुषिताऽऽभास्वरानिलाः १९
महाराजिकसाध्याश्च रुद्राश्च गणदेवताः २०
ཉི་མ་སྣ་ཚོགས་ནོར་ལྷ་དང་།
དགའ་ལྡན་དང་ནི་འོད་གསལ་རླུང་།
རྒྱལ་ཆེན་རིགས་དང་བསྒྲུབ་བྱ་དང་།
དྲག་པོ་དང་བཅས་ཚོགས་ཀྱི་ལྷ།
विद्याधराप्सरोयक्षरक्षोगन्धर्वकिन्नराः २१
पिशाचो गुह्यकः सिद्धो भूतोऽमी देवयोनयः २२
རིག་འཛིན་ཆུ་སྐྱེས་གནོད་སྦྱིན་དང་།
སྲིན་པོ་དྲི་ཟ་མི་འམ་ཅི༎
ཤ་ཟ་གསང་བ་གྲུབ་པ་དང༎
འབྱུང་པོ་འདི་རྣམས་ལྷ་ལས་བྱུང་༎
असुरा दैत्यदैतेयदनुजेन्द्रारिदानवाः २३
शुक्रशिष्या दितिसुताः पूर्वदेवाः सुरद्विषः २४
ལྷ་མི་བྱིན་སྐྱེས་བཅུད་མི་ལྡན༎
གཞུ་སྐྱེས་བྱིན་བྱུང་དབང་པོའི་སྒྲ།
པ་སངས་སློབ་མ་སྦྱིན་བྱེད་བུ།
སྔོན་གྱི་ལྷ་དང་ལྷ་རྣམས་སྨོད།
सर्वज्ञ सुगतो बुद्धो धर्मराजस्तथागतः २५
समन्तभद्रो भगवान्मारजिल्लोकजिज्जिनः २६
བདེ་གཤེགས་སངས་རྒྱས་ཐམས་ཅད་མཁྱེན།
ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས།
ཀུན་དུ་བཟང་པོ་བཅོམ་ལྡན་འདས༎
བདུད་འདུལ་འཇིག་རྟེན་རྒྱལ་བ་པོ༎
षडभिज्ञो दशबलोऽद्वयवादी विनायकः २७
मुनीन्द्रः श्रीघनः शास्ता मुनिः शाक्यमुनिस्तु यः २८
མངོན་ཤེས་དྲུག་ལྡན་སྟོབས་བཅུ་པ༎
གཉིས་མེད་གསུང་དང་རྣམ་པར་འདྲེན༎
ཐུབ་པའི་དབང་པོ་དཔལ་སྡུག་དང་༎
སྟོན་པ་ཐུབ་པ་ཉིད་རྣམས་སོ༎
शाक्यसिंहः सर्वार्थसिद्धः शौद्धोदनिश्च सः २९
गौतमश्चार्कबन्धुश्च मायादेवीसुतश्च सः ३०
ཤཱཀྱ་ཐུབ་ཤཱཀྱའི་སེང་གེ་དང༎
དོན་རྣམས་གྲུབ་པ་ཟས་གཙང་སྲས༎
གཽ་ཏ་མ་དང་ཉི་མའི་གཉེན༎
ལྷ་མོ་སྒྱུ་འཕྲུལ་སྲས་རྣམས་སོ༎
ब्रह्माऽऽत्मभूः सुरज्येष्ठः परमेष्ठी पितामहः ३१
हिरण्यगर्भो लोकेशः स्वयंभूश्चतुराननः ३२
ཚངས་པ་བདག་སྐྱེས་ལྷ་ལས་རྒན།
མཆོག་ལ་གནས་དང་མེས་པོ་དང་༎
གསེར་གྱི་མངལ་དང་འཇིག་རྟེན་དབང་༎
རང་འབྱུང་གདོང་བཞི་བྱེད་པོ་དང་༎
धाताब्जयोनिर्द्रुहिणो विरिञ्चिः कमलासनः ३३
स्त्रष्टा प्रजापतिर्वेधा विधाता विश्वसृड्विधिः ३४
པདྨའི་སྐྱེ་གནས་ཉེས་ཅན་དང༎
སྣ་ཚོགས་སྒྲུབ་བྱེད་པདྨའི་གདན༎
འབྱེན་བྱེད་སྐྱེ་དགུའི་བདག་པོ་དང།
རིག་བྱེད་རྣམས་བྱེད་སྣ་ཚོགས་བྱེད༎
नाभिजन्माण्डजः पूर्वो निधनः कमलोद्भवः **
सदानन्दो रजोमूर्तिः सत्यको हंसवाहनः **
विष्णुर्नारायणः कृष्णो वैकुण्ठो विष्टरश्रवाः ३५
दामोदरो हृषीकेशः केशवो माधवः स्वभूः ३६
ཁྱབ་འཇུག་ནག་པོ་ན་རའི་བུ༎
ཨཤྭཏྠཐོས་རྟུལ་མོའི་བུ༎
དབང་པོའི་དབང་ཕྱུག་མེད་ཏོག་ལྟོ༎
སྒྲ་ཅན་གསོད་དང་སྦྲང་གི་བུ༎
दैत्यारिः पुण्डरीकाक्षो गोविन्दो गरुडध्वजः ३७
पीताम्बरोऽच्युतः शार्ङ्गी विष्वक्सेनो जनार्दनः ३८
རང་སྐྱེས་སྦྱིན་དགྲ་པད་དཀར་མིག
མཁའ་ལྡིང་རྒྱལ་མཚན་གླང་རྫིར་གྲགས༎
མི་འཇིག་གོས་སེར་རྭ་གཞུ་ཅན༎
སྣ་ཚོགས་སྡེ་དང་འགྲོ་བ་འཇོམས༎
उपेन्द्र इन्द्रावरजश्चक्रपाणिशोचतुर्भुजः ३९
पद्मनाभो मधुरिपुर्वासुदेवस्त्रिविक्रमः ४०
སྟེང་གི་དབང་པོ་དབང་གཞན་སྐྱེས༎
ལག་པ་བཞི་པ་འཁོར་ལོའི་ཕྱག
པདྨའི་ལྟེ་བ་སྦྲང་རྩིའི་དགྲ
འདུག་གནས་ལྷ་དང་གོམ་གསུམ་གནོན༎
देवकीनन्दनः शौरिः श्रीपतिः पुरुषोत्तमः ४१
वनमाली बलिध्वंसी कंसारातिरधोक्षजः ४२
ལྷ་མོ་དགའ་བ་དཔའ་བོའི་རྒྱུད༎
དཔལ་གྱི་བདག་པོ་སྐྱེས་བུའི་མཆོག
མེ་ཏོག་ཕྲེང་ལྡན་སྟོབས་ལྡན་འཇོམས༎
འཁར་བའི་སྒྲ་དང་འོག་དབང་སྐྱེས༎
विश्वम्भरः कैटभजिद्विधुः श्रीवत्सलाञ्छनः ४३
ཀུན་འགེངས་ལྷ་མིན་འཇོམས་པ་དང།
རྡེབ་བྱེད་དཔལ་གྱི་བེའུས་མཚན༎
पुराणपुरुषो यज्ञपुरुषो नरकान्तकः **
जलशायी विश्वरूपो मुकुन्दो मुरमर्दनः **
वसुदेवोऽस्य जनकः एवानकदुन्दुभिः ४४
ནོར་ལྷའི་བུ་དང་དེ་བཞིན་དུ༎
ཨ་ན་ཀ་ཡི་རྡ་ཅན་ནོ༎
बलभद्रः प्रलम्बघ्नो बलदेवोऽच्युताग्रजः ४५
रेवतीरमणो रामः कामपालो हलायुधः ४६
སྟོབས་བཟང་དང་ནི་རབ་འཕྱང་གསོད༎
སྟོབས་ལྷ་མི་འཛག་སྔོན་སྐྱེ་དང་༎
ནམ་གྲུའི་བདག་པོ་དགའ་བྱེད་དང༎
འདོད་སྐྱོད་གཤོལ་གྱི་མཚོན་ཆ་དང༎
नीलाम्बरो रौहिणेयस्तालाङ्को मुसली हली ४७
संकर्षणः सीरपाणिः कालिन्दीभेदनो बलः ४८
གོས་སྔོན་ཅན་དང་སྣར་མའི་བུ༎
ཏཱ་ལཱས་མཚོན་དང་རྟུན་ཤིང་གཤོལ༎
ལེགས་འགུགས་དང་ནི་ཐོང་པའི་ལག
ཀླུ་འཇོམས་པ་དང་སྟོབས་ལྡན་ནོ༎
मदनो मन्मथो मारः प्रद्युम्नो मीनकेतनः ४९
कन्दर्पो दर्पकोऽनङ्गः कामः पञ्चशरः स्मरः ५०
མྱོས་བྱེད་ཡིད་སྲུབ་གསོད་བྱེད་དང་༎
རབ་སྟོབས་དང་ནི་ཉ་ཡི་ཏོག
ཚངས་བཅོམ་སྙེམས་དང་ལུས་མེད་དང༎
འདོད་པ་མདའ་ལྔ་དྲན་པ་དང༎
शम्बरारिर्मनसिजः कुसुमेषुरनन्यजः ५१
पुष्पधन्वा रतिपतिर्मकरध्वज आत्मभूः ५२
སྡོམ་པའི་དགྲ་དང་ཡིད་ལས་སྐྱེས༎
མེ་ཏོག་མདའ་དང་གཞན་མ་སྐྱེས༎
མེ་ཏོག་གཞུ་ཅན་དགའ་བའི་བདག
ཆུ་སྲིན་རྒྱལ་མཚན་བདག་ལས་བྱུང༎
अरविन्दमशोकं चूतं नवमल्लिका **
नीलोत्पलं पञ्चैते पञ्चबाणस्य सायकाः **
उन्मादनस्तापनश्च शोषणः स्तम्भनस्तथा **
संमोहनश्च कामस्य पञ्च बाणाः प्रकीर्तिताः **
ब्रह्मसूर्विश्वकेतुः स्यादनिरुद्ध उषापतिः ५३
लक्ष्मीः पद्मालया पद्मा कमला श्रीर्हरिप्रिया ५४
ཚངས་སྤོང་ཨི་དང་འགྲོ་བའི་ཏོག
མ་འགགས་པ་དང་ཨུཥའི་བདག
མཚོན་བྱེད་པད་གནས་པད་མ་ཅན༎
ཆུར་རྒྱན་དཔལ་མོ་འཕྲེང་བྱེད་ཡུམ༎
इन्दिरा लोकमाता मा क्षीरोदतनया रमा **
भार्गवी लोकजननी क्षीरसागरकन्यका **
शङ्खो लक्ष्मीपतेः पाञ्चजन्यश्चक्रं सुदर्शनः ५५
कौमोदकी गदा खड्गो नन्दकः कौस्तुभो मणिः ५६
དུད་ཅན་ལྔ་སྐྱེས་དཔལ་མོའི་བདག
འཁོར་ལོ་ལེགས་མཐོང་ཅན་དང་ནི༎
ས་མོས་བྱུག་པ་རལ་གྲི་དགྲའ༎
ས་རྣམས་རྟེན་བྱེད་ནོར་བུའོ༎
चापः शार्ङ्गं मुरारेस्तु श्रीवत्सो लाञ्छनं स्मृतम् **
अश्वाश्च शैव्यसुग्रीवमेघपुष्पबलाहकाः **
सारथिर्दारुको मन्त्री ह्युद्धवश्चानुजो गदः **
गरुत्मान् गरुडस्तार्क्ष्यो वैनतेयः खगेश्वरः ५७
नागान्तको विष्णुरथः सुपर्णः पन्नगाशनः ५८
འདབ་བཟངས་དུག་འཇོམས་སྐར་མིག་བུ༎
འདུལ་སྐྱེས་མཁའ་འགྲོའི་དབང་ཕྱུག་དང་༎
ཁྱབ་འཇུག་ཤིང་རྟ་ཀླུ་མཐར་བྱེད༎
གསེར་གྱི་འདབ་མ་ལྟོས་འགྲོ་ཟ༎
शम्भुरीशः पशुपतिः शिवः शूली महेश्वरः ५९
ईश्वरः शर्व ईशानः सङ्करश्चन्द्रशेखरः ६०
བདེ་འབྱུང་ཕྱུགས་བདག་ཞི་བ་དང་༎
མདུང་ཐོགས་དབང་ཕྱུག་ཆེན་པོ་དང་༎
དབང་ཕྱུགས་གསོད་བྱེད་དཔལ་ལྡན་དང་༎
བདེ་བྱེད་གཙུག་ན་ཟླ་བ་དང་༎
भूतेशः खण्डपरशुर्गिरीशो गिरिशो मृडः ६१
मृत्युञ्जयः कृत्तिवासाः पिनाकी प्रमथाधिपः ६२
འབྱུང་པོའི་དབང་པོ་དགྲ་སྟའི་དུམ༎
རི་དབང་རི་སྨོད་ཚིམ་བྱེད་དང་༎
འཆི་བ་ལས་རྒྱལ་གཟིག་གོས་ཅན༎
སྐྱེ་མེད་གཞུ་དང་འཇོམས་བྱེད་བདག
उग्रः कपर्दी श्रीकण्ठः शितिकण्ठः कपालभृत् ६३
वामदेवो महादेवो विरुपाक्षस्त्रिलोचनः ६४
དྲག་ཤུལ་རལ་ཅན་དཔལ་གྱི་མགྲིན༎
མགུལ་ནག་ཐོད་པ་འཆང་བ་དང་༎
གཡོན་ཕྱོགས་ལྷ་དང་ལྷ་ཆེན་པོ༎
སྣ་ཚོགས་མིག་དང་མིག་གསུམ་པ༎
कृशानुरेताः सर्वज्ञो धूर्जटिर्नीललोहितः ६५
हरः स्मरहरो भर्गस्त्र्यम्बकस्त्रिपुरान्तकः ६६
མེ་ཡི་ཁུ་བ་ཀུན་མཁྱེན་དང་༎
རལ་བའི་ཁུར་ཅན་སྔོན་དམར་ཅན༎
འཕྲོག་པ་དྲན་འཇོམས་འཇོམས་བྱེད་པོ༎
སྤྱན་གསུམ་གྲོང་ཁྱེར་གསུམ་མཐར་བྱེད༎
गङ्गाधरोऽन्धकरिपुः क्रतुध्वंशी वृषध्वजः ६७
व्योमकेशो भवो भीमः स्थाणू रुद्र उमापतिः ६८
གཾ་གཱ་འཛིན་པ་ལོང་བའི་སྒྲ༎
ཁྱུ་མཆོག་རྒྱལ་མཚན་མཆོད་སྦྱིན་འཇོམས༎
ནམ་མཁའི་སྐྲ་ཅན་སྲིད་དང་འཇིགས༎
གནས་བྱེད་དུ་བྱེད་ཨུ་མའི་བདག
अहिर्बुध्न्योऽष्टमूर्तिश्च गजारिश्च महानटः **
कपर्दोऽस्य[1] जटाजूटः पिनाकोऽजगवं धनुः ६९
प्रमथाः स्युः पारिषदा ब्राह्मीत्याद्यास्तु मातरः ७०
ཆུས་གང་དག་བྱེད་རལ་བ་བཅིངས༎
སྐྱོ་མེད་ཁྱབ་དང་སྐྲ་ལྡན་གཞུ༎
དེ་ཡི་འཁོར་ནི་འཇོམས་བྱེད་དང་༎
ཚངས་པ་ལ་སོགས་མ་མོ་རྣམས༎
ब्राह्मी माहेश्वरी चैव कौमारी वैष्णवी तथा **
वाराही तथेन्द्राणी चामुण्डा सप्त मातरः **
विभूतिर्भूतिरैश्वर्यमणिमादिकमष्टधा ७१
ཁྱབ་བདག་ཁྱབ་བྱེད་དབང་ཕྱུག་ལ༎
ཆུང་ངུ་ལ་སོགས་བརྒྱད་དང་ལྡན༎
अणिमा महिमा चैव गरिमा लघिमा तथा **
प्राप्तिः प्राकाम्यमीशित्वं वशित्वं चाष्ट सिद्धयः **
उमा कात्यायनी गौरी काली हैमवतीश्वरा ७२
དཀར་བཟློག་ཀཱ་བཏའི་བུ་མེ་དང་༎
སེར་སྐྱ་ནག་པོ་གངས་ལྡན་བུ༎
शिवा भवानी रुद्राणी शर्वाणी सर्वमङ्गला ७३
अपर्णा पार्वती दुर्गा मृडानी चण्डिकाऽम्बिका ७४
དབང་མོ་ཞི་ན་སྲིད་མ་དང་༎
དྲག་མོ་གསོད་མ་ཀུན་ལ་ཤིས༎
རི་སྐྱེས་སྤོང་གནས་ལོ་མ་མེད༎
ཚིམ་བྱེད་གཏུམ་མོ་འགྲོ་བའི་མ༎
आर्या दाक्षायणी चैव गिरिजा मेनकात्मजा **
कर्ममोटी तु चामुण्डा चर्ममुण्डा तु चर्चिका **
विनायको विघ्नराजद्वैमातुरगणाधिपाः ७५
अप्येकदन्तहेरम्बलम्बोदरगजाननाः ७६
ལོག་འདྲེན་བགེགས་ཀྱི་རྒྱལ་པོ་དང་༎
མ་གཉིས་བ་དང་ཚོགས་ཀྱི་བདག
མཆེ་བ་གཅིག་པ་ཧ་ལ་གནས༎
ལྟོ་བ་འཆང་དང་གླང་པོའི་གདོང་༎
कार्तिकेयो महासेनः शरजन्मा षडाननः ७७
पार्वतीनन्दनः स्कन्द सेनानीरग्निभूर्गुहः ७८
སྨིན་དྲུག་བུ་དང་སྡེ་ཆེན་དང་༎
འདམ་བུའི་ཚལ་སྐྱེས་གདོང་དྲུག་པ༎
རི་སྐྱེས་དགའ་བྱེད་སྐེར་ཁྱེད་དང་༎
སྡེ་དཔོན་མེ་སྐྱོང་སྦེད་བྱེད་དང་༎
बाहुलेयस्तारकजिद्विशाखः शिखिवाहनः ७९
षाण्मातुरः शक्तिधरः कुमारः क्रौञ्चदारणः ८०
མང་པོ་ལས་སྐྱེས་སྒྲོལ་བྱེད་འདུལ༎
གཙུག་ཕུད་ཅན་ཞོན་ས་ག་སྐྱེས༎
མ་དྲུག་བ་དང་མདུང་ཐོག་དང་༎
གཞོན་ནུ་དང་ནི་ཁྲུང་ཁྲུང་འཇོམས༎
श्रृङ्गी भृङ्गी रिटिस्तुण्डी नन्दिको नन्दिकेश्वरः **
इन्द्रो मरुत्वान् मघवा बिंडौजाः पाकशासनः ८१
वृद्धश्रवाः सुनासीरः पुरुहूतः पुरन्दरः ८२
ཁྱབ་སྟོབས་སྨིན་པ་འཇོམས་པར་བྱེད༎
རྒན་པོ་ལ་ཉན་ཤེས་བརྗོད་ཉན༎
གང་པོ་འབོད་དང་གྲོང་འཇོམས་དང་༎
जिष्णुर्लेखर्षभः शक्रः शतमन्युर्दिवस्पतिः ८३
सुत्रामा[2] गोत्रभिद्वज्री वासवो वृत्रहा वृषा ८४
རྒྱལ་བྱེད་ནུས་ལྡན་ལེགས་བྲིས་གཙོ༎
མཆོད་སྦྱིན་བརྒྱ་པ་མཐོ་རིས་བདག
ལེགས་སྐྱོབ་རི་འཇོམས་རྡོ་རྗེ་ཅན༎
དབྱིག་ལྡན་འཕེལ་འཇོམས་ཆར་འབེབས་དང་༎
वास्तोष्पतिः सुरपतिर्बलारातिः शचीपतिः ८५
जम्भभेदी हरिहयः स्वाराण्नमुचिसूदनः ८६
གནས་ཀྱི་བདག་པོ་ལྷ་ཡི་བདག
སྟོབས་ལྡན་དྲག་དང་ལེགས་བརྗོད་དང་༎
རྨུགས་བྱེད་འཇོམས་དང་འབྲོས་བྱེད་རྟ༎
མཐོ་རིས་རྒྱལ་བ་གྲོལ་མེད་འཇོམས༎
संक्रन्दनो दुश्च्यवनस्तुराषाण्मेघवाहनः ८७
आखण्डलः सहस्त्राक्ष ऋभुक्षास्तस्य तु प्रिया ८८
ཡང་དག་ངུ་དང་བཟོད་དཀས་རངས༎
གཞན་བསྙེམས་བཟོད་དང་སྤྲིན་ལ་ཞོན༎
ཀུན་འཇོམས་མིག་སྟོང་རི་སྐྱེས་ལྡན༎
དེ་ཡི་གནུན་མོ་སྤུགས་གང་སྐྱེས༎
पुलोमजा शचीन्द्राणी नगरी त्वमरावती ८९
हय उच्चैःश्रवा सूतो मातलिर्नन्दनं वनम् ९०
ལེགས་བརྗོད་མ་དང་དབང་མོ་འོ༎
གྲོང་ཁྱེར་མཆེ་བ་མེད་ལྡན་དང་༎
རྟ་ནི་མཐོ་ཉན་ཁ་ལོ་ཡི༎
མ་ནི་ཡིད་གྲུབ་དགའ་བའི་ཚལ༎
स्यात्प्रासादो वैजयन्तो जयन्तः पाकशासनिः ९१
ऐरावतोऽभ्रमातङ्गैरावणाभ्रमुवल्लभाः ९२
ཁང་བཟངས་རྣམ་པར་རྒྱལ་བྱེད་དང་༎
རྒྱལ་བྱེད་དང་ནི་སྨིན་འཇོམས་བུ༎
སྤྲིན་གྱི་གླང་པོ་མཚོ་སྐྱེས་དང་༎
ས་སྲུང་བུ་དང་ཆུ་འཛིན་གླང་༎
ह्रादिनी वज्रमस्त्री स्यात्कुलिशं भिदुरं पविः ९३
शतकोटिः स्वरुः शम्बो दम्भोलिरशनिर्द्वयोः ९४
སྒྲ་སྒྲོགས་རྡོ་རྗེ་མོ་མ་ཡིན༎
ལག་ལྡན་འབིགས་བྱེད་ཐོག་དང་ནི༎
རྩེ་མོ་བརྒྱ་བ་སྒྲ་ཅན་བདེ༎
སྒྲོགས་ཞུམ་ཟ་བྱེད་གཉིས་དག་གོ
व्योमयानं विमानोऽस्त्री नारदाद्याः सुरर्षयः ९५
स्यात्सुधर्मा देवसभा पीयूषममृतं सुधा ९६
མཁའ་ཐེག་མཁའ་གནས་མོ་མ་ཡིན༎
ལྷ་ཡི་དྲང་སྲོང་མི་སྦྱིན་སོགས༎
ཚེས་བཟངས་ལྷ་ཡི་མདུན་ས་དང་༎
བཏུང་རྣམས་བདུད་རྩི་བདེ་བར་འཐུང་༎
मन्दाकिनी वियद्गङ्गा स्वर्णदी सुरदीर्घिका ९७
मेरुः सुमेरुर्हेमाद्री रत्न सानुः सुरालयः ९८
ཆུ་བོ་དལ་འབབ་མཐོ་རིས་ཀླུང་༎
ནམ་མཁའི་གཾ་གཱ་བཅུད་ལྡན་རི༎
ལྷུན་པོ་རི་རབ་གསེར་གྱི་རི༎
རིན་ཆེན་བརྩེགས་པ་ལྷ་ཡི་གནས༎
पञ्चैते देवतरवोः मन्दारः पारिजातकः ९९
सन्तानः कल्पवृक्षश्च पुंसि वा हरिचन्दनम् १००
ལྔ་པོ་ལྷ་ཡི་ལྗོན་ཤིང་སྟེ༎
མནྡར་བ་རྒྱ་མཚོ་སྐྱེས༎
ལེགས་ཁྱབ་དང་ནི་དཔག་བསམ་ཤིང་༎
འཕྲོག་བྱེད་ཙན་དན་སྐྱེས་བུ་འམ༎
सनत्कुमारो वैधात्रः स्वर्वैद्यावश्विनीसुतौ १०१
नासत्यावश्विनौ दस्त्रावाश्विनेयौ तावुभौ १०२
ཚངས་བའི་གཞོན་ནུ་རྣམ་བྱེད་བུ༎
མཐོ་རིས་སྨིན་པ་མ་རྟའི་བུ༎
སྣ་སྐྱེས་ཐ་གར་སྐྱེས་པ་དང་༎
ཀུན་མཁྱེན་ཐ་སྐར་སྐྱེ་གཉིས་དག
स्त्रियां बहुष्वप्सरसः स्वर्वेश्या उर्वशीमुखाः १०३
ཆུ་སྐྱེས་མོ་སྟེ་མང་པོ་ཡི༎
མཐོ་རིས་སྨད་འཚོང་དབང་ཆེན་སོགས༎
घृताची मेनका रम्भा उर्वशी तिलोत्तमा **
सुकेशी मञ्जुघोषाद्याः कथ्यन्तेऽप्सरसो बुधैः **
हाहा हूहूश्चैवमाद्या गन्धर्वास्त्रिदिवौकसाम् १०४
སྒྲ་ངན་སྤངས་དང་དབྱངས་འདེམས་སོགས༎
གནས་སྐབས་གསུམ་ནི་དྲི་ཟའི་གླུ༎
अग्निर्वैश्वानरो वह्निर्वीतिर्होत्रो धनञ्जयः १०५
कृपीटयोनिर्ज्वलनो जातवेदास्तनूनपात् १०६
འཁྱོག་འགྲོ་མེད་དང་རྙེད་ཟ་དང་༎
བྱིན་ཟ་ནོར་ལས་རྒྱལ་བ་དང་༎
ཆུ་ཡི་སྐྱེས་གནས་འབར་བ་ཅན༎
སྐྱེས་ཐོབ་ལུས་མི་སྐྱོང་བ་དང་༎
बर्हिः शुष्मा कृष्णवर्त्मा शोचिष्केश उषर्बुधः १०७
आश्रयाशो बृहद्भानुः कृशानुः पावकोऽनलः १०८
ཤིང་འཕེལ་སྐེམས་བྱེད་ལས་ནག་དང་༎
འབར་བའི་སྐྲ་ཅན་སྔ་དྲོ་སད༎
རྟེན་ཟ་འོད་ཟེར་ཆེན་པོ་དང་༎
ཆུང་བྱེད་སྨིན་བྱེད་མཚོ་བྱེད་དང་༎
रोहिताश्वो वायुसखः शिखावानाशुशुक्षणिः १०९
हिरण्यरेता हुतभुग्दहनो हव्यवाहनः ११०
རྟ་དམར་རླུང་གི་གྲོགས་པོ་དང་༎
གཙུག་ཕུད་ཅན་དང་རྩྭ་ཟན་དང་༎
གསེར་གྱི་ཐིག་ལེ་བསྲེག་རྫས་ཟ༎
སྲེག་བྱེད་མཚུན་གྱིས་ཐོབ་བྱེད་དང་༎
सप्तार्चिदमुनाः शुक्रश्चित्रभानुर्विभावसुः १११
शुचिरप्पित्तमौर्वस्तु वाडवो वडवानलः ११२
འོད་བདུན་ཉེར་ཞི་མྱ་ངན་བྱེད༎
སྣ་ཚོགས་འོད་ཟེར་འོད་ནོར་ཅན༎
དག་བྱེད་ཆུ་འཁྲིས་བྲང་སྐྱེས་དང་༎
རྒོད་མ་སྐྱེས་དང་མ་རྟའི་མེ༎
वह्नेर्द्वयोर्ज्वालकीलावर्चिर्हेतिः शिखा स्त्रियाम् ११३
त्रिषु स्फुलिङ्गोऽग्निकणः सन्तापः संज्वरः समौ ११४
ལྷ་མཆོད་གཉིས་པོ་འབར་བ་དང་༎
མེ་ལྕེ་ཡལ་མེ་འབར་མེ་དང་༎
ཉལ་ལྡན་འདི་ནི་མོ་ཡིན་ནོ༎
གསུམ་རྣམས་མེ་སྟག་མེ་སྐར་དང་༎
ཤིན་ཏུ་གདུང་བ་ཚད་ཅན་མཚུངས།
उल्का स्यान्निर्गतज्वाला भूतिर्भसितभस्मनी **
क्षारो रक्षा दावस्तु दवो वनहुताशनः **
धर्मराजः पितृपति समवर्ती परेतराट् ११५
कृतान्तो यमुनाभ्राता शमनो यमराड्यमः ११६
ཆོས་ཀྱི་རྒྱལ་པོ་ཕ་གཤིན་བདག
མཚུངས་འཇུག་གཤིན་གྱི་རྒྱལ་པོ་དང་༎
མཐར་བྱེད་ཡ་མུ་ན་ཡི་སྤུན༎
ཞི་བྱེད་གཤིན་བྱེད་རྒྱལ་པོ་གཤིན༎
कोलो दण्डधरः श्राद्धदेवो वैवस्वतोऽन्तकः ११७
राक्षसः कौणपः क्रव्यात्क्रव्यादोऽस्त्रप आशरः ११८
གྲོངས་ཅན་དབྱུག་འཛིན་མཚུན་གྱི་ལྷ༎
ཉི་མའི་བུ་དང་མཐའ་ཅན་ནོ༎
སྲིན་པོ་རོ་ཟན་ཤ་རྗེན་ཟ༎
ཤ་ཟ་ཁྲག་འཐུང་ཀུན་དུ་རྒྱུ༎
रात्रिंचरो रात्रिचरः कर्बुरो निकषात्मजः ११९
यातुधानः पुण्यजनो नेर्ऋतो यातुरक्षसी १२०
མཚན་མོ་རྒྱུ་དང་ནམ་ལ་སྤྱོད༎
སྣ་ཚོགས་མདོག་ཅན་གསོང་བདག་སྐྱེས༎
འགྲོ་འཛིན་བསོད་ནམས་སྐྱེ་བོ་དང་༎
བདེན་བྲལ་རྗེས་འཇུག་སྲུང་བ་པ༎
प्रचेता वरुणः पाशी यादसांपतिरप्पतिः १२१
श्वसनः स्पर्शनो वायुर्मातरिश्वा सदागतिः १२२
མཆོག་སེམས་མཆོག་སྦྱིན་ཞགས་པ་ཅན༎
ཆུ་སྐྱེས་བདག་དང་ཆུ་བདག་གོ
དབུགས་འབྱིན་རེག་ལྡན་མ་མོས་འཕེལ༎
पृषदश्वो गन्धवहो गन्धवाहानिलाशुगाः १२३
समीरमारुतमरुज्जगत्प्राणसमीरणाः १२४
རྟག་འགྲོ་རྟ་ལན་དྲི་ལེན་དང་༎
དྲི་འདྲེན་རླུང་དང་མྱུར་འགྲོ་དང་༎
སྐྱེ་འགྲོའི་སྲོག་དང་འགྲོ་བའི་དང་༎
नभस्वद्वातपवनपवमानप्रभञ्जनाः १२५
ནམ་མཁའི་བདག་པོ་འགྲོ་བ་པ༎
གང་བྱེད་གང་ལྡན་རབ་འཇོམས་སོ༎
प्रकम्पनो भहावातो झञ्झावातः सवृष्टिकः **
प्राणोऽपानः समानश्चोदानव्यानौ वायवः १२६
སྲོག་དང་ཐུར་སེལ་མཉམ་གནས་དང་༎
གྱེན་དུ་རྒྱུ་དང་ཁྱབ་བྱེད་རླུང་༎
हृदि प्राणो गुदेऽपानः समानो नाभिमण्डले **
उदानः कण्ठदेशे स्याद्व्यानः सर्वशरीरगः**
शरीरस्था इमे रंहस्तरसी तु रयः स्यदः १२७
जवोऽथ शीघ्रं त्वरितं लघु क्षिप्रमरं द्रुतम् १२८
འདི་རྣམས་ལུས་ལ་གནས་པའི༎
སྐྱེད་བྱེད་རྒྱུག་བྱེད་མྱུར་འགྲོ་དང་༎
མགྱོགས་འགྲོ་ཤུགས་ལྡན་དེ་ནས་ནི༎
མྱུར་མགྱོགས་ལ་གོར་སྐྱེན་པ་ཡུད༎
सत्वरं चपलं तूर्णमविलम्बितमाशु १२९
सततानारताश्रान्तसंतताविरतानिशम् १३०
ཅིག་ཅར་མ་ཐོགས་དེ་མ་ཐག
སྐད་ཅིག་མི་འགོར་དར་ཙམ་མོ༎
ཀུན་དུ་རྒྱུན་ཏུ་ངལ་མེད་དང་༎
མཚན་མེད་པར་མེད་རྒྱུན་མི་འཆད༎
नित्यानवरताजस्त्रमप्यथातिशयो भरः १३१
अतिवेलभृशात्यर्थातिमात्रोद्गाढनिर्भरम् १३२
རྟག་ཏུ་ལྟོས་མེད་རེས་དགའ་མིན༎
དེ་ནས་ཕུལ་འབྱིན་འབད་པ་དང་༎
ཤིན་ཏུ་དྲག་པོའི་ཏེ་བོར་དང་༎
འབུང་བརྡོ་མཐར་བྱེད་ཤིན་ཏུ་གཞུང་༎
तीव्रैकान्तनितान्तानि गाढबाढदृढानि १३३
क्लीबे शीघ्राद्यसत्त्वे स्यात्त्रिष्वेषां सत्त्वगामि यत् १३४
ནན་ཏར་ངེས་བར་བརྟན་པོས་ཀྱང་༎
ཅིམ་མེད་བྲི་མེད་ངས་འབང་དང་༎
སེམས་མེད་མྱུར་སོགས་མི་ནང་ངོ་༎
སེམས་ཡོད་རྣམས་ལ་གསུམ་ཀར་འགྱུར༎
कुबेरस्त्र्यम्बकसखो यक्षराड्गुह्यकेश्वरः १३५
मनुष्यधर्मा धनदो राजराजो धनाधिपः १३६
ལུས་ངན་དང་ནི་མིག་གསུམ་གྲོགས༎
གནོད་སྦྱིན་རྒྱལ་པོ་གསང་བདག་དང་༎
མི་ཡི་ཆོས་ལྡན་ནོར་སྦྱིན་དང་༎
རྒྱལ་པོའི་རྒྱལ་པོ་གཏེར་གྱི་བདག
किन्नरेशो वैश्रवणः पौलस्त्यो नरवाहनः १३७
यक्षैकपिङ्गैलविलश्रीदपुण्यजनेश्वराः १३८
མི་འམ་ཅི་དབང་རྣམ་ཐོས་བུ༎
འོད་ཡངས་ཚ་བོ་མི་ལ་ཞོན༎
མཆོད་སྦྱིན་མིག་སྐྱ་ཨེ་ལའི་རྒྱུད༎
དཔལ་སྟེང་བསོད་ནམས་སྐྱེ་བོའི་དབང་༎
अस्योद्यानं चैतेररथं पुत्रस्तु नलकूबरः १३९
कैलासः स्थानमलका पूर्विमानं तु पुष्पकम् १४०
སྣ་ཚོགས་ཤིང་རྟ་དེ་ཡི་ཚལ༎
བུ་ནི་དཔལ་མོས་མཚན་པ་ཅན༎
རྩེ་བའི་གནས་དང་གྲོང་ཁྱེར་ནི༎
མཁའ་གནས་མེ་ཏོག་ཅན་ཡིན་ནོ༎
स्यात्किन्नरः किंपुरुषस्तुरङ्गवदनो मयुः १४१
निधिनां शेवधिर्भेदाः पद्मशङ्खादयो निधेः १४२
མི་འམ་ཅི་དང་ཅི་སྐྱེས་བུ༎
རྟ་ཡི་གདོང་ཅན་འགྲོ་མགྱོགས་སོ༎
གཏེར་དང་མཛོད་ཀྱི་དབྱེ་བ་ལ༎
པད་ཅན་དུང་ཅན་ལ་སོགས་གཏེར།
महापद्मश्च पद्मश्च शङ्खो मकरकच्छपौ **
मुकुन्दकुन्दनीलाश्च खर्वश्च निधयो नव **
[1] कपोर्द्दोऽस्य
[2] सूत्रामा


No comments:

Post a Comment