མཆོད་བརྗོད།

सर्वदृष्टिप्रहाणाय यः सद्धर्ममदेशयत् । གང་གིས་ཐུགས་བརྩེ་ཉེར་བཟུང་ནས༎ ལྟ་བ་ཐམས་ཅད་སྤང་པའི་ཕྱིར༎

अनुकम्पमुपादय तं नमस्यामि गौतमम् ।। དམ་པའི་ཆོས་ནི་སྟོན་མཛད་པ༎ གཽ་ཏམ་དེ་ལ་ཕྱག་འཚལ་ལོ༎

Wednesday 28 August 2013

སྙན་ངག


सरस्वतीकण्ठाभरणम्

རྒྱན་གྱི་བསྟན་བཅོས་སྙན་ངག་དབྱངས་ཅན་མགུལ་རྒྱན།




སློབ་དཔོན་བྷོ་ཇ་ཡིས་མཛད།

सरस्वतीकण्ठाभरणम्
དབྱངས་ཅན་མགུལ་རྒྱན།

प्रथमः परिच्छेदः
རབ་བྱེད་དང་པོ།

ध्वनिर्वर्णाः[1] पदं वाक्यमित्यास्पदचतुष्टयम्  
यस्याः सूक्ष्मादिभेदेन वाग्देवीं तामुपास्महे  ।।१।।
སྒྲ་དང་ཡི་གེ་ཚིག་བརྗོད་པ༎
རྟེན་བཞི་ཞེས་བྱ་གང་ཡིན་པ༎
ཕྲ་ལ་སོགས་པས་དབྱེ་ནས་ནི༎
ངག་གི་ལྷ་མོ་དེ་ལ་བདུད༎

निर्दोषं गुणवत्काव्यमलङ्कारैरलङ्कृतम्        
रसान्वितं कविः कुर्वन्कीर्तिं प्रीतिं  विन्दति        ।।२।।
སྐྱོན་བྲལ་ཡོན་ཏན་དང་ལྡན་པ༎
སྙན་ངག་རྒྱན་རྣམས་ཀྱིས་རྒྱན་ལ༎
སྙན་ངག་མཁན་གྱིས་ཉམས་ལྡན་པར༎
བྱས་པས་དགའ་དང་གྲགས་པ་ཐོབ༎

दोषाः पदानां वाक्यानां वाक्यार्थानां  षोडश      
हेयाः काव्ये कवीन्द्रैर्ये तानेवादौ प्रचक्ष्महे   ।।३।।
ཚིག་དང་ངག་དང་ངག་གི་དོན༎
སྙན་ངག་ལ་ནི་སྐྱོན་བཅུ་དྲུག །
སྙན་ངག་དབང་པོས་སྤངས་བྱ་རུ༎
གང་ཡིན་དེ་རྣམས་ཐོག་མར་བཤད༎

पददोषम्
ཚིག་གི་སྐྱོན།

असाधु चाप्रयुक्तं  कष्टं चानर्थकं  यत्    
अन्यार्थकमपुष्टार्थमसमर्थ तथैव              ।।४।।
མི་ལེགས་དང་ནི་སྦྱར་བ་མིན༎
སྡུག་བསྔལ་དོན་འབྲལ་དོན་གཞན་གང་༎
དོན་མི་གསལ་དང་དོན་ལ་ནི༎
ནུས་པ་འབྲལ་བ་དེ་ཉིད་དང་༎

अप्रतीतमथ क्लिष्टं गूढ़ं नेयार्थमेव            
संदिग्धं  विरुद्धं  प्रोक्तं यच्चाप्रयोजकम्  ।।५।।
མ་རྟོགས་པ་དང་ཉམས་པ་དང་༎
སྦས་པ་དང་ནི་དྲང་དོན་ཉིད༎
ཐེ་ཚོམ་བ་དང་འགལ་བ་དང་༎
རབ་ཏུ་སྦྱོར་མིན་གང་བཤད་པ༎

देश्यं ग्राम्यमिति स्पष्टा दोषाः स्यु पदसंश्रयाः        
अथैषां लक्षणं सम्यक् सोदाहरणमुच्यते      ।।६।।
ཡུལ་དང་གྲོང་ཞེས་གསལ་བ་ཡི༎
ཚིག་ལ་རྟེན་པའི་སྐྱོན་རྣམས་འགྱུར༎
དེ་ནས་དེ་དག་གི་མཚན་ཉིད༎
དཔེ་དང་བཅས་ཏེ་ལེགས་པར་བཤད༎

शब्दशास्त्रविरुद्धं यत्तदसाधु प्रचक्षते          
སྒྲ་ཡི་བསྟན་བཅོས་དང་འགལ་བ༎
གང་དེ་མི་ལེགས་པར་བཤད་དོ༎


यथा-དཔེར་ན།

भूरिभारभराक्रान्तो बाधति स्कन्ध एष ते।
तथा  बाधते स्कन्धो यथा बाधति बाधते ।।१।।
ཕྲག་པ་རབ་ཏུ་གནོན་པ་ཡི༎
འཁུར་པོ་དག་གིས་མི་གནོད་དམ༎
ཇི་ལྟར་བཱདྷཏིས་གནོད་པ༎
དེ་ལྟར་ཕྲག་པ་གནོད་མི་འགྱུར༎

अत्र बाधतेरात्मनेपदित्वाद् (बाधते)बाधते इति स्यान्न पुनर् (बाधतिइति।।
འདིར་བཱདྷཏེཿ་(གནོད་པ་འགྱུར་བ་)ནི་བདག་གི་ཚིག་ཉིད་ཀྱི་ཕྱིར་བཱདྷཏེ་ཞེས་པ་ལས་ཡང་བཱདྷཏི་མ་ཡིན་ནོ་ཞེས་སོ༎

कविभिर्न प्रयुक्तं यदप्रयुक्तं तदुच्यते           ।।७।।
གང་ཞིག་སྙན་ངག་མཁན་གྱིས་ནི༎
མ་སྦྱར་དེ་ནི་སྦྱར་མིན་བརྗོད༎

यथा-དཔེར་ན།

कामचीकमथाः केऽमी त्वामजिह्वायकीयिषन्।
 सस्ति किं वचन्तीमे शम्बः कम्बं घरिष्यति।।२।।
སུ་ཞིག་གིས་ནི་སུ་འདོད་ཁྱོད་༎
དེ་དག་གིས་འདོད་དེ་ནི༎
ཉལ་ལ་དེ་དག་ཅི་སྨྲ་བའམ༎
ཆུ་འཛིན་གྱིས་ནི་རྫིང་འགང་བ༎

अत्र (अचीकमथाः) (अजिह्वायकीयिषन्) (सस्ति) (वचन्ति) (घरिष्यन्ति) (शम्बः) (कम्बम्इति शब्दानुशासनसिद्धान्यपि कविभिर्न प्रयुज्यन्ते।।
འདིར་ཨཅིཀམཐཱཿ། ཨཇིཧྭཱཡཀཱིཡིཥན྄  སསྟི། ཝཅནྟི། གྷརིཥྱནྟི། ཤམྦཿ། ཀམྦམ྄། ཞེས་སྒྲ་ཡི་རྗེས་སུ་བསྟན་པ་ལ་གྲུབ་ཀྱང་སྙན་ངག་མཁན་གྱིས་ནི་སྦྱར་བ་མ་ཡིན་ནོ༎

पदं श्रुतेरसुखदं कष्टमित्यभिशब्दितम्।
མི་དགེ་བ་ཡི་ཚིག་ཐོས་པ༎
སྡུག་བསྔལ་ཞེས་བྱ་མངོན་པར་བརྗོད༎

यथा-དཔེར་ན།

वर्वर्ष्टि जलदो यत्र यत्र[2] दर्धर्ष्टि[3]चातकः।
पोफुल्ल्तिनीपः[4]कालोऽयं चर्कर्ति हृदयं मम         ।।३।।
གང་ལ་ཆུ་འཛིན་ཡང་ཡང་འབབས༎
ནཱི་པའི་མེ་ཏོག་ཡང་རབ་བཞད༎
དུས་དེར་ཆར་འདོད་བྱིའུ་ཡིས་ཡང་༎
ཡང་ཡང་སྒྲོགས་པས་བདག་ཡིད་གཡོ༎[5]

अत्र वर्वर्ष्टयादीनि क्रियापदानि श्रुत्यसुखदानि श्रूयन्ते।।
འདིར་ཝརྺཥྚི་(ཆར་ཡང་ཡང་འབབས་པ་)ལ་སོགས་པའི་བྱ་བའི་ཚིག་དེ་དག་རྣ་བར་ཐོས་པས་མི་དགེ་བའོ༎

पादपूरणमात्रार्थमनर्थकमुदाहृतम्             ।।८।।
རྐང་པ་རྫོགས་ཙམ་སླད་དུ་དཔེར༎
བྱས་པ་དོན་དང་འབྲལ་བའོ༎

यथा-དཔེར་ན།

बिभर्ति यश्च देहार्धे प्रियामिन्दुं हि मूर्धनि।
 वै देवः खलु त्वां तु पुनातु मदनान्तकः    ।।४।।
ཀྱེ་མ་ལུས་ཕྱེད་དགའ་མ་དང་༎
གང་གི་ཐོས་ལ་ཟླ་བ་ཉིད༎
འཆང་གྱུར་མྱོས་བྱེད་མཐར་བྱེད་ནི༎
ལྟ་དེས་ཁྱོད་ནི་དག་བྱེད་འགྱུར༎

अत्र च, हि, वै, खलु, तु, इत्येतानि पदानि पादानेव पूरयन्ति।
འདི་ལ་ཅ། (དང་) ཧི། (ཉིད་) ཝཻ། (ཀྱེ་མ་) ཁལུ། (ནི་) ཏུ། (ནི་) ལ་སོགས་པའི་ཚིག་དེ་དག་རྐང་པ་བཀང་པ་ཉིད་དོ༎

रूढिच्युतं पदं यत्तु तदन्यार्थमिति श्रुतम्      
ཚིག་གང་གྲགས་པ་ཉམས་པ་དེ
དོན་གཞན་པ་ཞེས་གསུངས་པ་ཡིན༎

यथा-དཔེར་ན།

बिभजन्ते  ये भूपमालभन्ते  ते श्रियम्।
आवहन्ति  ते दुःखं प्रस्मरन्ति  ये प्रियाम्।।५।।
གང་དག་རྒྱལ་པོ་བིབྷཇནྟེ༎
དེ་དག་དཔལ་ནི་ཨཱལབྷནྟེ༎
གང་དག་མཛའ་བོ་པྲསྨརནྟི༎
དེ་དག་སྡུག་བསྔལ་ཨཱཝཧནྟི༎

अत्र विभजतेर्वण्टनेआलभतेर्मारणेआवहतेः करणेप्रस्मरतेर्विस्मरणे रूढिर्न तु विशेषसेवायाम्अभितो लाभेसमन्ताद्वहनेप्रकृष्टस्मरणे चेति।।
འདི་ལ་ཝིབྷཇཏེ་(བགོ་བའམ་ཕྱེ་བ་) ཨལབྷཏེ་(བརྩེས་པ་) ཨཱཝཧཏེ་(ལས་སམ་བྱ་བ་) པྲསྨརཏེ་(བསྐྱུད་པ་)ལ་ཡོངས་སུ་གྲགས་ལས། ཁྱད་པར་བ་བརྙེས་བཀུར། ཐོབ་པ། ཕྱོགས་ནས་ཐོན་པ། དམིགས་སུ་དྲན་པ་བཅས་ལ་ནི་མ་ཡིན་ནོ༎

यत्तु तुच्छाभिधेयं स्यादपुष्टार्थ तदुच्यते।।९।।
བརྗོད་བྱས་སྟོང་པ་གང་ཡིན་པ༎
དེ་ནི་དོན་མེད་པར་བཤད་དོ༎

यथा-དཔེར་ན།

शतार्धपञ्चांशभुजो द्वादशार्धार्धलोचनः।
विशत्यर्धार्धमूर्धा वः पुनातु मदनान्तकः।।६।।
བརྒྱ་ཕྱེད་ལྔ་པའི་ཕྱག་དང་ནི༎
བཅུ་གཉིས་ཕྱེད་ཀྱི་ཕྱེད་སྤྱན་ལྡན༎
ཉི་ཤུའི་ཕྱེད་དང་ཕྱེད་ཀྱི་ཞལ༎
མྱོས་བྱེད་མཐར་བས་དག་པར་བྱོས༎

अत्र दशबाहुः त्रिलोचनः पञ्चवक्त्र इति तुच्छमेवाभिधेयमतुच्छशब्दैरुक्तमिति अपुष्टार्थम्।।
འདིར་དཤབཱཧུཿ། (ཕྱག་བཅུ་ཏྲིལོཅནཿ།(སྤྱན་གསུམ་པཉྕཝཀྟྲ།(ཞལ་ལྔ་)ཞེས་བརྗོད་བྱ་སྟོང་བ་ཁོ་ནའི་སྒྲས་བཤད་པ་ཞེས་བྱ་བ་དོན་མེད་པའོ༎

असंगतं पदं यत्तदसमर्थमिति[6] स्मृतम्।
གང་ཞིག་ཚིག་གི་མ་ཆགས་པ༎
དེ་ནི་ནུས་མེད་པ་ཞེས་བརྗོད༎

यथा-དཔེར་ན།

जलं जलधरे क्षारमयं वर्षति वारिधिः       
इदं बृंहितमश्वानां ककुद्मानेष ह्रेषते        ।।७।।
ཆུ་གཏེར་ལ་ནི་ཆུ་འཛིན་འདིས༎
ལན་ཚྭའི་ཆར་ཆུ་འབེབས་པ་དང་༎
རྟ་དང་ནོག་པ་ཅན་འདི་ཡིས་༎
ངུར་སྒྲ་དང་ནི་འཚེར་སྐད་འགྱུར༎[7]

अत्र जलधरो मेघःवारिधिः समुद्रःवृंहितं गजानाम्[8] ह्रेषितमश्वानाम्इति लोकप्रसिद्धम्। तदिह समुद्रमेघाश्ववृषभविषयतया प्रयुज्यमानमसंगतार्थत्वादवाचकमित्यसमर्थम्      ।।
འདིར་ཇལདྷརཿ། (ཆུ་འཛིན་) ཝཱརིདྷིཿ། (ཆུ་གཏེར་) བ་གླང་པོ་ཅག་གི་ བྲྀཾཧིཏམ྄་ (ངུར་བ་) རྟ་དག་གི་ ཧྲེཥཏམ྄ (འཚེར་སྐད་)ཞེས་འཇིག་རྟེན་ལ་གྲགས་པའོ༎ འདིར་རྒྱ་མཚོ། ཆུ་འཛིན། རྟ་མཆོག ཁྱུ་མཆོག་ལ་བྱུང་བསའི་ཕྱིར་སྦྱར་བ་དེ་ནི་མ་ཆགས་པ་ཡི་བརྗོད་པའི་དོན་ཉིད་ལྟར་ནུས་པ་མེད་པའོ༎

अप्रतीतं तदुद्दिष्टं प्रसिद्धं शास्त्र एव यत्।।१०।।
གང་ཞིག་བསྟན་བཅོས་ཉིད་ལ་ནི༎
རབ་ཏུ་གྲགས་པ་མ་རྟོགས་བསྟན༎

यथा-དཔེར་ན།

किं भाषितेन बहुना रूपस्कन्धस्य सन्ति मे  गुणाः।
गुणनान्तरीयकं  प्रेमेति  तेऽस्त्युपालम्भः।।८।।
སྨྲ་བ་མང་བས་ཅི་ཞིག་བྱ༎
བདག་ནི་གཟུགས་ཕུང་ཡོན་ཏན་འབྲལ༎
མཛའ་བོ་དེ་བཞིན་ངེས་པར་དུ༎
ཡོན་ཏན་ལྡན་ཁྱོད་ཀླན་ཀ་འབྲལ༎
अत्र रूपस्कन्धनान्तरीयकशब्दयोः  शास्त्र एव[9] प्रसिद्धत्वादन्यत्राप्रतीयमानयोः
प्रयोगादप्रतीतम्[10]।।
འདིར་གཟུགས་ཀྱི་ཕུང་པོ་དང་ངེས་པར་གྱི་སྒྲ་དག་བསྟན་བཅོས་ཉིད་ལ་རབ་གྲགས་པས་གཞན་དག་ལ་རྟོགས་དཀའ་བའི་ཕྱིར་མ་རྟོགས་པའོ༎

दुरे यस्यार्थसंवित्तिः क्लिष्टं नेष्टं हि तत्सताम्।
དོན་གང་རིང་ལ་ཤེས་དཀའ་དེ༎
མཁས་པས་མི་འདོད་ཉམས་པ་ཉིད༎

यथा-དཔེར་ན།

विजितात्मभवद्वेषिगुरुपादहतो जनः          
हिमापहामित्रधरैर्व्याप्तं व्योमाभिनन्दति     ।।९।।
འདུལ་བྱེད་རྒྱལ་སྐྱེས་དགྲ་ཉི་འོད༎
མི་རྣམས་བརྡུང་བ་གྲང་བཅོམ་གྲོགས༎
མ་ཡིན་འཛིན་པ་མཁའ་ལ་ནི༎
ཡོངས་སུ་ཁྱབ་པ་མངོན་པར་དགའ༎

अत्र विना गरुत्मता जित इन्द्रस्तस्यात्मभवोऽर्जुनस्तस्य द्वेषी कर्णस्तस्य गुरुः सूर्यस्तत्पादै[11] रभिहतो लोक आकाशमभिनन्दति। कीदृशम्। हिमापहो वह्निस्तस्यामित्रो जलं तद्धारयन्ति ये मेघास्तैर्व्याप्तमिति व्यवहितार्थप्रत्ययं क्लिष्टमेतत्।।
འདི་གར་འདུལ་བྱེད་དེ་འདབ་བཟང་ལས་རྒྱལ་བ། ཨིནྡྲ་གང་གི་བདག་ཉིད་ལས་སྐྱེས་པ་སྲིད་སྒྲུབ་དང་། དེའི་དགྲ་རྣ་ཅན། དེ་ཡི་བླ་མ་ཉི་མ། དེའི་འོད་ཀྱིས་བརྡུང་བའི་འགྲོ་བ། ནམ་མཁའ་ལ་ནི་མངོན་པར་དགའ་བར་བྱེད་དོ། དེ་ཅི་འདྲ་ཞེ་ན། གྲང་བ་བཅོམ་པ་རྙེད་ཟ་དེ་ཡི་གྲོགས་མ་ཡིན་པ་ཆུ། དེ་འཛིན་པར་བྱེད་པ་སྤྲིན་པ་གང་དེ་དག་གིས་ཡོངས་སུ་ཁྱབ་པའོ་ཞེས་ཤེས་པར་བྱ་བའི་དོན་མ་རྟོགས་པ་དེ་དག་ཉམས་པའོ༎

गूढार्थमप्रसिद्धार्थं[12] प्रयोगं ब्रुवते बुधा       ।।११।।
ཡོངས་སུ་མ་གྲགས་དོན་སྦྱོར་བ༎
མཁས་པས་སྦས་པའི་དོན་དུ་བཤད༎

यथा-དཔེར་ན།

सहस्रगोरिवानीकं भवतो दुःसहं परैः         
हरेरिव तवाभान्ति नान्यतेजांसि तेजसि     ।।१०।।
གོ་སྟོང་གི་ནི་དཔུང་ཚོགས་བཞིན༎
ཕས་ཀྱིས་ཁྱེད་ནི་བཟོད་པ་དཀའ༎
ཁྱོད་ཀྱི་གཟི་བརྗིད་ཧ་རི་བཞིན༎
མདངས་གཞན་གྱི་ནི་བརྗིད་པ་མིན༎

सहस्रगुशब्देन सहस्राक्ष उक्तः    गोशब्दस्याक्ष्णि भूयसी प्रसिद्धिः। हरिशब्देन  सहस्रांशुःसोऽपि  तेन नाम्ना बहुभिरुच्यत इति गूढत्वम्।।
གོ་སྟོང་གི་སྒྲ་ཡིས་མིག་སྟོང་ཅན་ལ་བཤད་པའོ༎ གོ་ཞེས་པས་མིག་ལ་ཤེས་པ་ནི་མང་པོར་མ་གྲགས་སོ༎ དེ་ཡང་ཧ་རི་ཡི་སྒྲ་ཡིས་འོད་སྟོང་དེས་ཡང་དེ་ལ་མང་པོས་མིང་དུ་མ་བཤད་པ་ལྟར་སྦས་པ་ཉིད་དོ༎

स्वसंकेतप्रक्लृप्तार्थ नेयार्थमिति कथ्यते।
རང་གི་བརྡ་ཡི་དོན་ལ་ནི༎
བརྟག་པ་དྲང་དོན་ཞེས་བཤད་དོ༎

यथा-དཔེར་ན།

मुखांशवन्तमास्थाय विमुक्तपशुपंक्तिना     
पंक्त्य[13]नेकजनामध्रतुका जित उलूकजित्          ।।११।।
ཞལ་གྱི་ཡབ་འདབ་ཅན་ཡིད་བརྟན༎
པཤུ་ཚོགས་ལས་གྲོལ་བ་ནི༎
པཾཀྟི་ཤིང་རྟ་སྐྱེས་ཀྱི་བུས༎
སྟེང་གི་རྣ་ཅན་རྒྱལ་བར་གྱུར༎

अत्र पंक्तिशब्देन दशसंख्याअनेकजनामेत्यनेन चक्रम्तद्ध्र इत्यनेन रथस्ताभ्यां दशरथस्तस्य तुक् बालको लक्ष्मणस्तेन जित उलूकजिदिन्द्रजित्। किं कृत्वा। मुखांशवन्तमास्थाय हनुमन्तम्। किम्भूतेन विमुक्तपशुपंक्तिना विमुक्तेषुपंक्तिना  अत्र पशुशब्देन गोशब्दो लक्ष्यतेतेनेषवस्तदिदं स्वसंकेतकल्पितार्थ नेयार्थमुच्यते।।
འདི་གར་པཾཀྟི་ཡི་སྒྲ་ཡིས་གྲངས་བཅུ། (ཨནེཀ་ཇཿ)གཅིག་མིན་སྐྱེས་ཞེས་བྱ་བ་དེས་འཁོར་ལོ། དེ་འཛིན་པས་ཤིང་རྟས་ཤིང་རྟ་བཅུ་པ་དང་དེའི་བརྒྱུད་པ་ཁྱིའུ་མཚན་མ་ཅན་དེས་རྒྱལ་བ་སྟེང་གི་རྣ་ཅན་ཏེ་ཚངས་པ་རྒྱལ་བ། གང་བྱས་སམ་ཞེ་ན། ཞལ་གྱི་ཡལ་འདབ་ཅན་ཏེ་(ཧནུམན)འགྲམ་ཅན་ལ་ཡིད་བརྟན་པས། ཅི་བྱུང་ཞེ་ན། པཤུ་ཚོགས་གྲོལ་བ་ཏེ་མདའ་ཡིས་གྲོལ་བ། འདིར་པཤུ་ཡི་སྒྲ་ཡིས་ཕྱུགས་མཚོན་པར་བྱེད་པ་དེས་རང་གི་བརྡས་རྟོག་པའི་དོན་གང་ཡིན་པ་འདི་དྲང་དོན་དུ་བཤད་དོ༎

 यत्पदं निश्चयकृत्संदिग्धमिति तद् विदुः  ।।१२।।
ཚིག་གང་ངེས་པ་གཅོད་བྱེད་མིན༎
དེ་ནི་ཐེ་ཚོམ་ལྟར་ཤེས་སོ༎

यथा-དཔེར་ན།

नीललोहितमूर्तिर्यो दहत्यन्ते जगत्त्रयम्      
 एष हि महादेवस्त्रिषु लोकेषु पूज्यते       ।।१२।।
སྔོན་པོ་དང་ནི་དམར་པོའི་སྐུ༎
འཇིག་རྟེན་གསུམ་པོ་མཐར་བསྲེགས་བྱེད༎
ཁོ་བོ་འདི་ཉིད་ལྷ་ཆེན་པོ༎
འཇིག་རྟེན་གསུམ་ལ་མཆོད་པར་འགྱུར༎
अत्र वह्निरर्कः शिवो वेति  निश्चीयते  
འདིར་རྙེད་ཟ་འམ། མེ་འམ། ཞི་བ་ཞེས་ངེས་པར་མི་འགྱུར་རོ༎

विरुद्धं[14] विपरीतार्थप्रकल्पनमिहोच्यते      
ལོག་པ་རྣམ་པར་རྟོག་པ་ཡི༎
དོན་འདི་འགལ་བར་བཤད་པ་འོ༎

यथा-དཔེར་ན།

अनुत्तमा[15]नुभावस्य परैरपिहितौजसः       
अकार्यसुहृदोऽस्माकमपूर्वास्तव कीर्त्तयः    ।।१३।।
མཆོག་ཏུ་མེད་པ་རྗེས་མྱོང་བ།།
ཕ་རོལ་གཟི་བརྗིད་ཀྱིས་མ་བསྒྲིབས།།
བྱ་བ་མིན་པ་བདག་ལ་མཛའ།།
ཁྱོད་ཀྱི་གྲགས་པ་སྔོན་བྱུང་མེད༎

अत्र (अनुत्तमाइत्यनेन यथोत्कृष्टस्तथापकृष्टोऽपि।(अपिहितम्इत्यनेन यथानाच्छादितं
तथाच्छादितमपि[16] (अकार्यसुहृदइत्यनेन यथा कार्यमन्तरेण यः[17] सुहृदेवमकार्ये यः सुहृत्सोऽप्युच्यते। (अपूर्वाः कीर्त्तय) इत्यनेन यथाद्भुताः कीर्त्तय एवमकीर्त्तयोऽप्युच्यते।।
འདིར་ཨནུཏྟམཱ་ཞེས་བྱ་བ་འདིས་ཇི་ལྟར་མཆོག་ཏུ་མེད་པ་དེ་ལྟར་མཆོག་མ་ཡིན་པ་ལ་ཡང་། ཨཔིཧིཏམ྄་ཞེས་བྱ་བ་འདིས་ཇི་ལྟར་གཡོགས་པ་མེད་པ་དེ་ལྟར་གཡོགས་ནས་མེད་པ་ལ་ཡང་ངོ་། ཨཀཱརྱསུཧྲྀད་ཞེས་བྱ་བ་འདིས་ཇི་ལྟར་བྱ་བ་ཁྱད་པར་ཅན་གྱིས་གང་མཛའ་བ་དེ་ལྟར་བྱ་བ་མ་ཡིན་པ་གང་མཛའ་བ་ལ་ཡང་རབ་ཏུ་བཤད་དོ༎ སྔོན་བྱུང་བ་མེད་པའི་གྲགས་པ་ཞེས་བྱ་བ་འདིས་ཇི་ལྟར་ཁྱད་པར་འཕགས་པའི་གྲགས་པ་དེ་དག་གྲགས་པ་མ་ཡིན་པ་ཉིད་ལ་ཡང་བཤད་དོ༎

अप्रयोजकमित्याहुरविशेषविधायकम्        ।।१३।।
དམིགས་བསལ་བཤད་པ་མེད་པ་ཡི༎
བརྗོད་པ་རྣམ་པར་སྦྱོར་མིན་ཞེས༎

यथा-དཔེར་ན།

तमालश्यामलं क्षारमत्यच्छमतिफेनिलम्     
फालेन लङ्घयामास हनूमाने सागरम्        ।।१४।
ཏམཱལ་ནག་པོ་ལན་ཚྭ་བ༎
རབ་ཏུ་དྭངས་ལ་དབུལ་བ་ཅན༎
རྒྱ་མཚོ་འདི་ལ་འགྲམ་ཅན་འདིས༎
ཕཱལེན་ཡིས་འགོངས་བར་གྱུར༎

अत्र तमालश्यामलमित्यादीनि सागरविशेषणानि तानि  हनूमतो लङ्घनेऽतिशयं सूचयन्ति।।
འདིར་ཏམཱལ་ཤྱཱམལམ྄་ཞེས་བྱ་བ་ལ་སོགས་མཚོ་ཡི་ཁྱད་ཆོས་འདི་དག་ལས་འགྲམ་པ་ཅན་གྱིས་བརྒལ་བའི་ཕུལ་དུ་ཕྱིན་པའི་བརྡ་མ་བྱས་པས་སོ༎

तद्देश्यमिति निर्दिष्टं यदव्युत्पत्तिमत्पदम् 
གང་ལ་བྱེ་བྲག་དུ་རྟོགས་པའི༎
ཚིག་འབྲལ་དེ་ནི་ཡུལ་ཞེས་བསྟན༎

यथा-དཔེར་ན།

गललौ लावण्यतल्लौ ते लडहौ मडहौ भुजौ  
नेत्रे वोसट्टकन्दोट्टमोट्टायितसखे सखि         ।।१५।।
མཛའ་བོ་ཁྱོད་ཀྱི་འགྲིན་པ་[18]ནི༎
མཛེས་པའི་འཚིའུ་ཕྱག་ཟུང་དག །
མཛེས་ཤིང་ཕྲ་བ་འདྲེན་བྱེད་དག །
རྒྱ་ཆེར་བཞད་པའི་པད་སྔོན་གྲོགས༎

अत्र गल्लतल्लादयः शब्दा अव्युत्पत्तिमन्तो देश्या दृश्यन्ते।।
འདིར་གལླ་ཏལླ་ལ་སོགས་པའི་བྱེ་བྲག་ཏུ་མ་རྟོགས་པའི་མཐའི་སྒྲ་ཡུལ་གྱིས་ངེས་པར་བསྟན་པའོ༎

अश्लीलामङ्गलघृणावदर्थं ग्राम्यमुच्यते।।१४।।
འཚང་སློང་དང་ནི་བཀྲ་མི་ཤིས༎
སྐྱུག་བྲོ་ཅན་དོན་གྲོང་དུ་བཤད༎

अत्राश्लीलमसभ्यार्थमसभ्यार्थान्तरं  यत्  
असभ्यस्मृतिहेतुश्च त्रिविधं परिपठ्यते      ।।१५।।
འདི་ལ་འཚང་སློང་ཚུལ་སྤྱོད་མིན༎
དོན་དང་ཚུལ་སྤྱོད་མ་ཡིན་པའི༎
ཁྱད་པར་ཚུལ་སྤྱོད་མ་ཡིན་པ༎
དྲན་པའི་རྒྱུ་གང་རྣམ་གསུམ་བཤད༎

तेष्वसभ्यार्थम्
ཚུལ་སྤྱོད་མ་ཡིན་པའི་དོན་དེ་དག་ལ།

यथा-དཔེར་ན།

छत्राकारशिराः शिरालसरलस्थूलप्रकाण्डो महान्मध्ये
                          -भानुसुताभ्रसिन्धुविपुलाभोगो वटः पातु वः।
कायैक्ये विकटप्रसारितमहाजङ्घं महीसुप्तयोर्यः
                          -खन्डेन्दुकिरीटकैटभजितोः काटश्रियं कर्षति।।१६।।
འོད་ཅན་སྲས་མོ་[19]འགྲོ་བ་སིནྡྷུ་སར་ཉལ་ཟླ་བའི་ཅོད་པན་ཅན༎
ལྷ་མིན་འཇོམས་པ་ལུས་གཅིག་ཉེར་འབྲེལ་ཁྱབ་པའི་བརླ་ཆེན་བརླ་ཡི་དབུས༎
གདུགས་འདྲ་མགོ་ཅན་དབུ་ལ་རལ་ཅན་སྡོང་པོ་མཐུག་ལ་ཆེ་བ་ཡི་༎
དཔལ་གྱིས་འགུགས་བྱེད་ཡངས་བའི་ཝཊའི་ཤིང་གིས་ཁྱོད་ཅག་སྲུངས་གྱུར་ཅིག །

तदेतच्छत्राकारशिराः काट इत्यादेरसभ्यार्थत्वादसभ्यार्थम्।।
དེ་འདི་ལ་གདུགས་དང་འདྲ་བའི་མགོ་བོ་དང་། བརླ་ཞེས་བྱ་བ་ལ་སོགས་པས་ཚུལ་མ་ཡིན་པའི་དོན་དང་ལྡན་པ་ཉིད་ཀྱི་ཕྱིར་ཚུལ་སྤྱོད་མ་ཡིན་པའི་དོན་ནོ༎

असभ्यार्थान्तरम्
ཚུལ་སྤྱོད་མ་ཡིན་པའི་དོན་གྱི་ཁྱད་པར།

यथा- དཔེར་ན།

विद्यामभ्यसतो रात्रावेति या भवतः प्रिया  
वनिता गुह्यकेशानां कथं ते पेलवं धनम्     ।।१७।।
ཅི་སྟེ་མཚན་མོ་རིག་པ་ལ༎
བསྟེན་ཅིང་འོང་བ་ཁྱོད་ཀྱི་ནི༎
མཛའ་བོ་མཛེས་མ་གསང་བའི་བདག །
ནོར་དག་ཐོ་རེ་བར་འགྱུར་རམ༎

तदेतद्याभवतः प्रिया-गुह्यकेशानां पेलबन्धनशब्दानामसभ्यार्थान्तरत्वादसभ्यार्थान्तरम् ।।
དེ་འདིར་ཁྱོད་ཀྱི་མཛའ་བོ་གུཧྱཀེཤམ྄་དང་པེལབཾདྷནམ྄་གྱི་སྒྲ་དེ་དག་ཚུལ་སྤྱོད་དང་མ་འཐུན་པའི་དོན་གྱི་ཁྱད་པར་བ་ཉིད་ཀྱི་ཕྱིར་ཚུལ་སྤྱོད་མ་ཡིན་པའི་དོན་གྱི་ཁྱད་པར་བའོ༎

असभ्यार्थास्मृतिहेतुर्यथा-
ཚུལ་སྤྱོད་མ་ཡིན་པའི་དོན་དྲན་པའི་རྒྱུའི་དཔེར།
उत्कम्पयसि मां चूत पिकवाक्काटवेन किम्।
कृतः कृकाटिकायां ते पादः प्राणेन यास्यता         ।।१८।।
ཅིའི་ཕྱིར་ཁུ་བྱུག་ངག་རྩུབ་པའི༎
ཅཱུ་ཏ་ཡིས་ནི་བདག་འདར་བྱེད༎
ཁྱེད་ཉིད་ཀྱི་ནི་ལྟག་པ་རུ༎
རྐང་པ་བཞག་ནས་སྲོག་འགྲོ་འགྱུར༎

तदिदंकाटवकृकाटिकापदयोरसभ्यस्मृतिहेतुत्वादसभ्यस्मृतिहेतुता ।।   
དེ་འདིར་ཀཱཊཝཿ(རྩུབ་པ་)དང་ཀྲྀཀཱཊིཀཱ་(ལྟག་པའི་)ཚིག་དག་ཚུལ་སྤྱོད་དང་མི་འཐུན་པ་དྲན་པའི་རྒྱུ་ཉིད་ཀྱིས་ཕྱིར་ཚུལ་སྤྱོད་མ་ཡིན་པ་དྲན་པའི་རྒྱུ་ཉེད་དོ༎

लोकेषु यदशस्तार्थमशस्तार्थान्तरं  यत्     
अशस्तस्मृतिहेतुश्चामङ्गलार्थं त्रिधैव तत्   ।।१६।।
འཇིག་རྟེན་གང་ལ་མ་ཤིས་དོན༎
མ་ཤིས་དོན་གྱི་ཁྱད་པར་དང་༎
མ་ཤིས་དྲན་པའི་རྒྱུ་གང་དེ༎
བཀྲ་མ་ཤིས་དོན་རྣམ་གསུམ་ཉིད༎

तेष्वशस्तार्थम्
དེ་དག་ལ་བཀྲ་མ་ཤིས་པའི་དོན།

यथा- དཔེར་ན།

खेटके भक्तसूपस्य वलभ्याः पत्तनस्य       
अतृप्तोऽहं मरिष्यामि हेहलेभाषितस्य     ।।१९।।
ཁེཊཀ་ཡི་འབྲས་སྲན་དང་༎
ཝལ་བྷ་ཡི་ཚོང་འདུས་སུ༎
ཀ་ཡེ་བོས་དང་སྒྲ་སྒྲོགས་པ༎
བདག་འཆི་འགྱུར་གྱི་ཚིམ་མི་འགྱུར༎

अत्र मरिष्यामि इति पदमशस्तार्थम् ।।
འདིར་འཆི་བར་འགྱུར་ཞེས་བྱ་བའི་ཚིག་ནི་བཀྲ་མི་ཤིས་པའི་དོན་ནོ༎

अशस्तार्थान्तरम्
བཀྲ་མ་ཤིས་པའི་དོན་གྱི་ཁྱད་པར།

यथा- དཔེར་ན།

प्रवासयति या कान्तं वसन्ते गृहसंस्थितम्   
विना शपथदानेन पिशाची सा  चाङ्गना   ।।२०।।
མཛའ་བོ་གྲོས་འདོན་མ་སྦྱིན་པ༎
གང་ཞིག་སོས་ཀའི་དུས་སུ་ནི༎
ཕྱི་རུ་འབྱུང་བ་ཁྱིམ་གནས་ཁྱོད༎
བུད་མེད་མ་ཡིན་ཤ་ཟ་མོ༎

अत्र प्रवासयति-संस्थितं-विनाशपथदानेन-पिशाचीपदानामशस्तार्थान्तरत्वम्।
འདིར་ཕྱིར་འབྱུང་བ། ལེགས་པར་གནས་པ། གྲོས་འདོན་མ་སྦྱིན་པ། ཤ་ཟ་མོ། ཚིག་དེ་དག་བཀྲ་མ་ཤིས་པའི་ཁྱད་པར་བ་ཉིད་དོ༎

अशस्तस्मृतिहेतुर्यथा
བཀྲ་མ་ཤིས་པ་དྲན་པའི་རྒྱུའི་དཔེར།

मारीचोऽयं मुनिर्यस्य कृत्याः कालान्तकालये        
पत्न्यां संक्रन्दनादीनां सुतानामाप्तयेऽभवन्  ।।२१।।
དུས་མཐར་བྱེད་པའི་གནས་ལ་ནི༎
དྲང་སྲོང་འོད་སྲུང་འདིས་ཆུང་མར༎
ཡང་དག་ངུ་ལ་སོགས་ཀྱི་བུ༎
ཐོབ་པར་བྱེད་ཕྱིར་ལས་བྱས་སོ༎

अत्र मारीचकृत्या कालान्तक संक्रन्दन पदानामशस्तार्थस्मृतिहेतुत्वम् ।।
འདིར་མཱརཱིཙ། ལས། དུས་མཐར་བྱེད་པོ། ཡང་དག་ངུ་། ཚིག་དེ་དག་ནི་བཀྲ་མ་ཤིས་པའི་དོན་དྲན་པའི་རྒྱུ་ཉིད་དོ༎

पदमर्थं घृणावन्तं यदाहार्थान्तरं  यत् 
गृणावत्स्मृतिहेतुर्यत्तद्घृणावदिह त्रिधा ।। १७ ।।
ཚིག་གང་འདིར་ནི་སྐྱུག་བྲོ་བའི༎
དོན་དང་དོན་དེའི་ཁྱད་པར་གང་༎
སྐྱུག་བྲོ་དྲན་པའི་རྒྱུ་གང་ཞིག༎
བཤད་པ་སྐྱུག་བྲོ་རྣམ་པ་གསུམ༎


तेषु घृणावदर्थंयथा-
དེ་དག་ལས་སྐྱུག་བྲོའི་དོན་གི་དཔེར།

पर्दते हदते स्तन्यं वमत्येष स्तनन्धयः 
मुहुरुत्कौति निष्ठीवत्यात्तगर्भा पुनवर्धूः ।। २२ ।।
ནུ་འཐུང་དེ་ཡིས་དྲི་ཆེན་དང་༎
རྟུག་པ་འོ་མ་སྐྱུག་བྱེད་པ༎
ཆུང་མ་སླར་ཡང་མངལ་བཟུང་བས༎
ཡང་ཡང་སྐྱུག་ཅིང་མཆིལ་མ་དོར༎

पर्दते हदते वमति निष्ठीवतीति शब्दानां घृणावदर्थत्वम् ।।
དྲི་ཆེན་དོར་བ། རྟུག་པ་ཕྱུངས་བ། སྐྱུག་པ། མཆིལ་མ་དོར་བ་ཞེས་པའི་སྒྲ་དེ་དག་ནི་སྐྱུག་བྲོ་བའི་དོན་ཉིད་དོ༎

घृणावदर्थान्तरं यथा-
སྐྱུག་བྲོའི་ཁྱད་པར་གྱི་དོན་གྱི་དཔེར།

बाष्पक्लिन्नाविमौ गण्डौ विपूयापाण्डरौ तव 
प्रियोऽग्रे विष्ठितः पुत्रि स्मितवर्चोभिरर्चति ।। २३ ।।
བུ་མོ་ཁྱོད་ཀྱི་མདུན་ས་ན༎
གནས་པའི་མཛའ་བོས་མཆི་མ་ཡི༎
བརླན་པའི་མཁུར་ཚོས་ཝིཔཱུ་ཡ༎
སྐྱ་སེར་དག་འཛུམ་མདངས་ཀྱིས་མཆོད༎

अत्र क्लिन्नगण्डविपूयाविष्ठितवर्चःपदानां घृणावदर्थान्तरम् ।।
འདིར་བརླན་པ། མཁུར་ཚོས། ཝི་པཱུ་ཡ། ཡང་དག་གནས་པ། མདངས། ཚིག་དེ་དག་སྐྱུ་བྲོ་བའི་དོན་གྱི་ཁྱད་པར་རོ༎

घृणावत्स्मृतिहेतुर्यथा-
སྐྱུག་བྲོ་དྲན་པའི་རྒྱུའི་དོན་གྱི་དཔེར།

प्रत्यार्द्रयन्तो रूढानि मदनेषुव्रणानि नः 
हृदयं क्लेदयन्त्येते पुरीषण्डमहद्द्रुमाः ।। २४ ।।
གྲོང་གི་ནགས་ཀྱི་ཤིང་ཆེན་པོ༎
མྱོས་བྱེད་མདས་ཡིས་རབ་ཏུ་ནི༎
བསོས་པའི་བདག་གི་སེམས་ཤིན་ཏུ༎
སྣུམ་པའི་རྨ་དག་འདྲུལ་བར་བྱེད༎

अत्र रूढव्रणक्लेदपुरीषण्डपदानां घृणावत्स्मृतिहेतुत्वम् ।।
 འདིར་བསོས་པ། རྨ། རུལ་བ། གྲོང་གི་ཁྲོད་དམ་ནགས། ཚིག་དེ་དག་སྐྱུ་བྲོ་བ ་དྲན་པའི་རྒྱུ་ཉིད་དོ༎



[1] A वर्णः
[2] तत्र
[3] K. दुर्धष्टि
[4] A पोफुल्लिनीपः
[5]འདི་གར་རྐང་པ་བཞིས་དོན་ཡོངས་སུ་རྫོགས་པ་ཡོངས་དཀའ་བས་དོན་ཡོངས་སུ་རྫོགས་པ་ལ་གཤམ་གསལ་ལྟར་མཛེས།
 གང་ལ་ཆུ་འཛིན་གྱིས་ཡང་ཡང་༎
ཆར་འབབས་ནཱི་པའི་མེ་ཏོག་ཡང་༎
རབ་བཞད་དེ་ལ་ཆར་འདོད་བྱིའུ་༎
ཡང་ཡང་སྒྲོགས་པའི་དུས་དེ་ལ༎
བདག་ཡིད་ཡང་ཡང་གཡོ་བར་འགྱུར༎
[6]  A तदुच्यते                         
[7] སྤྱིར་འདི་གར་རྟ་འདིས་ངུར་སྒྲ་དང་ནོག་པ་ཅན་ཏེ་གླང་པོ་འདིས་འཚེར་སྐད་ཟེར་རོ་ཞེས་འདུག་ཀྱང་སྡེབ་སྦྱོར་དང་བོད་བསྒྱུར་བཟང་པོར་བྱས་ནས་རྟ་དང་ནོག་པ་ཅན་ཞེས་གཅིག་ཏུ་འབྲེལ་ནས་བསྒྱུར་བ་ལགས། འདི་ལྟར་བྱས་ན་ལེགས་སྦྱར་ནང་གསལ་བའི་འདི་་སྒྲ་འདི་ཡང་འཐུན་པར་སེམས།
[8] འདི་གར་ཀཀུདམཱན྄་ཞེས་ནོག་པ་ཅན་ཏེ་བ་གླང་ལ་གོ་ཡང་འགྲེལ་བར་གཇཿ་ཞེས་གླང་པོ་ཆེར་བཤད་འདུག་ན་ཅི་ཡིན་ཆ་མི་འཚལ།
[9]  K.V. एव इति नास्ति      
[10]  K.V. इति                      
[11]  A तस्य पादैः 
[12]  A अप्रसिद्धार्थ 
[13] पङ्क्तिश्छन्दोऽपि दशमं स्यात्प्रभावेऽपि चायतिः २४७८
པཾཀྟི་གྲལ་དང་ཡིག་བཅུའི་སྡེབས། 

[14]  K.V.विपरीतं विरुद्धार्थ
[15] क्लीबे प्रधानं प्रमुखप्रवेकानुत्तमोत्तमाः २१३८  དཔོན་དང་གོང་མ་མཆོག་དང་ནི། 
[16]  K.V. इति
[17]  K.V.  इति नास्ति
[18] कण्ठो गलोऽथ ग्रीवायां शिरोधिः कन्धरेत्यपि १२४९  ཨོལ་མདུད་པ་དང་མགྲིན་པ་དང༎ 
[19] कालिन्दी सूर्यतनया यमुना शमनस्वसा ५३० रेवा तु नर्मदा सोमोद्भवा मेकलकन्यका ५३१ ཉི་མའི་བུ་མོ་ཀཱ་ལིནྡཱི༎ 
ཞི་བའི་སྲིང་མོ་ཡ་མུ་ནཱ༎  རེ་བཱ་དང་ནི་ནར་མ་དཱ༎  ཟླས་བྱུང་རི་བོའི་བུ་མོ་དང་༎





काव्यादर्श
तृतीयः परिच्छेदः ।
སྙན་ངག་མེ་ལོང་མ།
ལེའུ་གསུམ་པའོ༎
एकद्वित्रिचतुष्पादयमकानां विकल्पनाः ।
आदिमध्यान्तमध्यान्तमध्याद्याद्यन्तसर्वतः ।।
གཅིག་གཉིས་གསུམ་བཞི་རྐང་པ་ཡི༎
ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི༎
ཐོག་མ་བར་མཐའ་བར་དང་མཐའ༎
བར་དང་ཐོག་མ་ཐོག་མཐའ་ཀུན༎
रत्नश्री
एकपादयमकस्य द्विपादयमकस्य त्रिपादयमकस्य चतुष्पादयमकस्य च विकल्पना विकल्पाः प्रभेदाः कथ्यन्ते भवन्तीति वा शेषः । पादस्यैकस्य पादद्वयस्य पादत्रयस्य पादचतुष्टयस्य वा आदितो वा मध्यतो वान्ततो वा । आदौ मध्यैऽन्ते वेति त्रयो विकल्पास्तावत् । मध्यतोऽन्ततश्चादिमं वर्जयित्वेति चतुर्थौ विकल्पः । मध्यत आदितश्चान्त्यं विहायेति पञ्चमः । आदितोऽन्ततश्च मध्यं त्यक्त्वेति षष्ठः । सर्वत आदौ मध्येऽन्ते चेति सप्तमो विकल्पः । सर्वत इत्यस्यान्ते श्रुतस्य तसः प्रत्येकं सम्बन्धात् । सप्तम्यर्थश्चायम् । तथा च प्रथमं विवृतमादौ मध्येऽन्ते वेति अन्यत्राप्येवं योज्यम् । यदा च सर्वतौ यमकं तदा पादाभ्यासादयो विकल्पा जायन्ते ।।
एते सप्त विकल्पा मौलाः परस्परसङ्कर भोजोऽनेकधा प्रसरन्तीति दर्शयन्माह-
अत्यन्तवहवस्तेषां भेदाः संभेदयोनयः ।
सुकरा दुष्कराश्चैव दर्श्यन्ते तत्र केचन ।। ३ ।।
ཀུན་ཏུ་དབྱེ་བ་ལས་སྐྱེས་པ༎
དེ་དག་དབྱེ་བ་ཤིན་ཏུ་མང་༎
དེ་ལ་བྱ་སླ་བྱ་དཀའ་ཡང་༎
དགའ་ཞིག་དག་ནི་བསྟན་པར་བྱ༎
रत्नश्री
तेषां सप्तानां विकल्पानां सम्भेदः सङ्करो मिश्रत्वमुच्चावचप्रकारः योनिः प्रभवो येषां ते सम्भेदयोनयः । भेदाः प्रकाराः अत्यन्तबहवो भूयांसो भवन्ति । एकत्र श्लोके क्वचिदादियमकं क्वचिन्मध्ययमकं क्वचिदन्तयमकं क्वचिन्मध्यान्तयमकं क्वचिन्मध्यादियमकं क्वचिदाद्यन्तयमकं क्वचित् सर्वत्र इत्येवमेतेऽनेकधा प्रसरन्ति । ते चैते सुखेन क्रियन्ते प्रयुज्यन्त इति सुकराः तद्विपरीताश्च दुष्करा इति द्विधा पुनः संगृह्यन्ते । तत्र ते सुकरेषु दुष्केषु च केचन केचिद् भेदा न सर्वेऽतिप्रसङ्गाद् दृश्यन्ते उदाह्रियन्ते ।।
मानेन मानेन सखि प्रणयोभूत्प्रिये जने ।
खण्डिता कण्ठमाश्लिष्य तमेव कुरु सत्रपम् ।। ४ ।।
གྲོག་མོ་མཛའ་བའི་སྐྱེ་བོ་ལ༎
ཁེངས་པ་འདི་དང་འགྲོགས་མ་བྱེད༎
བསླུས་པའི་མགྲིན་པ་ནས་འཁྱུད་ལ༎
དེ་ཉིད་ངོ་ཚ་ལྡན་པར་གྱིས༎
रत्नश्री
सखि, प्रिये जने विषयेऽनेन सङ्गमसुखविरोधिना मानेन प्रातिकूल्येन सह प्रणयपरिचयो मा भूत् । तव मानो न कार्य इति यावत् । यदि न मानः कर्तव्यः किमिदानीं क्रियताम्? येन खण्डिता वञ्चितासि तस्य कण्ठमाश्लिष्य तमेव प्रियं कृतव्यलीकं सत्रपं सलज्जं कुरु विनयवर्त्मना तमेव विलक्षं विधेहि । किं मानेनेति शब्दार्थप्रधानमेतद् यमकव्याख्यानं क्रियते । भावार्थचर्चायामतिविस्तरप्रसङ्गात् इदं प्रथमपादादियमकम् ।।
मेघानादेन हंसानां मदनोमदनोदिना ।
नुन्नमानं मनः स्त्रीणां सह रत्या विगाहते ।। ५ ।।
ངང་པ་རྣམས་ཀྱི་དྲེགས་འཇོམས་པ༎
སྤྲིན་གྱི་སྒྲ་ཡིས་མྱོས་བྱེད་ནི༎
དགའ་མ་དང་བཅས་བུད་མེད་ཀྱི༎
ཁངས་བྲལ་ཡིད་ལ་འཇུག་པར་བྱེད༎
मदनः कामः रत्या कलत्रेण सह स्त्रीणां मनो विगाहते प्रविशति । किविशिष्टम् हंसानां मदं नुदतां मेघानां नादेन नादेन नुन्नो निर्स्तो मानोस्येति नुन्नमानं मानसं वा अवेहि । तस्मिन्नवकाशमसौ लभते । इदं द्वितीयपादादियमकम् ।।
राजन्वत्यः प्रजा जाता भवन्तं प्राप्य साम्प्रत ।
चतुरं चतुरं भोधिरसनोर्वीकरग्रहे ।। ६ ।।
ཆུ་གཏེར་བཞི་ཡི་སྐ་རགས་ཅན༎
ས་ཡི་ལག་དཔྱ་འཛིན་ལ་མཁས༎
ཁྱོད་ཉིད་ཐོབ་ནས་ད་ལྟ་ནི༎
སྐྱེ་དགུ་རྒྱལ་པོ་བཟང་གྱུར༎
चत्वारः पूर्वदयो ऽम्भोधयः परिखेवोपयोगादिसाधर्म्येण रसना मेखला यस्याः तस्या उर्व्या भुवः करो हस्तो बलिश्चेति श्लिष्टम् । तस्य ग्रहे उपादने चतुरं भवन्तं प्राप्य प्रजा जना राजन्वत्यः सौराज्ययोगात् जाता अभूवन साम्प्रतमद्येति तृतीयापादादियमकम् ।।
अरण्यं कैश्चिदाक्रान्तमन्यैः सद्म दिवौकसां ।
पदातिरथनागाश्वरहितैरहितैस्तव ।। ७ ।।
རྐང་ཐང་ཤིང་རྟ་གླང་པོ་དང་༎
རྟ་དང་བྲལ་བ་ཁྱོད་ཀྱི་དགྲ
འགའ་ཞིག་ནགས་དང་གཞན་དག་ནི༎
ལྷ་རྣམས་དག་གི་གནས་སུ་སོང་༎
तवाहितैः शत्रभिः कैश्चित्यलायमानैररण्यमाक्रान्तम् । उत्सृष्टगृहैर्वनं प्रविष्टमित्यर्थः । अन्यैस्त्वत्कृपाणभ्रमोज्झितप्राणैदिवौकसां सद्म स्वर्गमाक्रान्तमारूढम् । किंभूतैः पदातिभिः रथैर्नागैरश्वैश्च रहितैस्त्यक्तैः अत्रारण्यगमनं स्वर्गगमनं वा भुवि निःसहायत्वात् । तेन वा भवत्त स्तेषामाच्छादनात् । इदं चतुर्थपादादियमकम् ।।
मधुरं मधुरम्भोजवदने वद नेत्रयोः ।
विभ्रमम्भ्रान्त्या विडम्बयति किन्निदं ।। ८ ।।
ཆུ་སྐྱེས་གདོང་ལྡན་མིག་དག་གི
རྣམ་འཕྲུལ་ཡིད་འོང་འདི་ལ་ནི༎
དཔྱིད་ཀྱི་བུང་བའི་རྣམ་འཕྲུལ་གྱིས༎
ཅོ་འདྲི་བྱེད་པ་ཅི་ཡིན་སྨྲོས༎
अम्भोजमिव वदनमस्या इत्यम्भोजवदना तस्याः सम्बुद्धिः । तव नेत्रयोर्विभ्रमं चञ्चलत्वं मधुरं रम्यं भ्रमराणां भ्रान्त्या चा पलेन विडम्बयति अनुकरोति मधुर्वसन्तः किं न्विदं वद ब्रूहि इति कश्चिच्चाटुकारः प्रियामुपलालयति । प्रथमद्वितीयपादादियमकम् ।।
वारुणो वा रणोद्दामो हयो वा स्मरदुर्धरः ।
न यतो नयतोऽन्तं नस्तदहो विक्रमस्तव ।। ९ ।।
འདོད་པ་གཡུལ་དུ་དཔའ་བ་ཡི༎
གླང་པོའམ་གཟུང་དཀའ་རྟ་མེད་ཀྱིས༎
གང་ཕྱིར་བདག་ཅག་མཐར་བྱས་པ༎
དེ་ཕྱིར་ཁྱོགད་ཀྱི་རྣམ་གནོན་མཚར༎
हो स्मर यतो यस्मात् नः अस्मान् अन्तं नाशं नयतः प्रापयतस्तव रणे उद्दामः क्षमो वारणो वा हस्ती वा हयोऽश्वो वा दुर्धरः सांग्रामिको नास्ति । तत्तस्मादहो विचित्रीयते विक्रमस्तव यद् विना रणोपकरणेनास्मद्विधाः आसादिताः त्वयेति प्रथमतृतीयपादादियमकम् ।।


No comments:

Post a Comment